| | e-texts navigator
|
191b1 བའི་ཞིང་ཁམས་དག། བདེ་ཆེན་ཕྱག་རྒྱ་ཆེན་པོར་འགྱུར།། གང་དག་སྒོམས་པའི་སྐྱེས་བུ་ནི།། ཐ་མལ་པ་དང་བརྐམ་ཆགས་པ།། རྣམ་པའི་སྤྲོས་པ་མ་ལུས་པ།། བསྒོམས་དང་ཆེད་དུ་མ་བྱས་པར།། བདེ་ཆེན་ཐིག་ལེར་ལྷན
191b2 གྱིས་གྲུབ། ། དཔེར་ན་ཆུ་དང་རླབས་བཞིན་ནས།། རྒྱ་མཚོར་ཕྱིན་པའི་འདུ་ཤེས་ལྟར།། གོམས་པས་བདེ་ཆེན་གསལ་མཐར་ཕྱིན།། རྐྱེན་དང་གནོད་པ་མ་ལུས་པ།། རེག་དང་མཐོང་ཐོས་དྲན་པས་ཀྱང་།། བདེ་ཆེན་ཐིག་ལེ་ཉས
191b3 སུ་འབར། ། བསྐལ་པ་དུ་མར་གནས་གྱུར་ཅིང་།། འབྱུང་བ་ལྔ་དང་སྤྱོད་ཡུལ་ཀུན།། རང་ལུས་བདེ་བར་བསྲེ་བ་འགྲུབ།། གསང་བའི་ལམ་ལ་གོམས་བྱེད་ན།། མཚོན་བྱེད་རིགས་པའི་བདེ་བ་ཡིས།། ལྷ་ཅིག་སྐྱེས་པའི་དགའ
191b4 བརྟོགས། ། མཐར་ཕྱིན་ལམ་གྱི་རིམ་པ་འགྲུབ།། དབང་པོ་དར་ཞིང་ཆགས་པ་དང་།། བདེ་ཆེན་མོས་པའི་རྣལ་འབྱོར་པས།། ཨེ་དང་བཾ་ལ་གནས་པ་ཡིན།། བྱང་ཆུབ་རྡོ་རྗེ་དྲིལ་ལས་འབྱུང་།། དངོས་པོ་ལྷན་ཅིག་སྐྱེས་པ་ཡིས།། མ
191b5 ལུས་བདེ་བར་རྟོགས་བྱས་ལ། ། ཕྱི་ནང་སྦྱོར་བའི་ཆོ་ག་ཡིས།། གང་ཞིག་རྟགས་དང་ལྡན་པའི་ཚེ།། གསང་བའི་ཕྱག་རྒྱ་བཞི་ལྡན་པས།། བདེ་ཆེན་མཆོག་ལ་རོལ་པར་བྱ།། ཡེ་ཤེས་ཉིད་ཟླ་རོ་དང་མཉམ་ལེན་པས།། རེ་དོགས
191b6 ཆད་པའི་ཐིག་ལེ་འབྱུང་། ། ལྷུང་མེད་གནས་དང་ཐིམ་པ་དང་།། བདག་པོ་གདུང་ཅན་ཕྲད་པ་ལས།། ཉིན་མཚན་བྲལ་བའི་སྣང་བ་ལྟར།། དུས་ཅིག་ཉི་ཟླ་ཤར་བའི་ཚེ།། མ་ལུས་བདེ་བས་ཁྱབ་གྱུར་ན།། གཡོ་བ་མེད་པའི་ཚིགལ་འཆར།
191b7 གལ་ཏེ་ཉམས་པའི་ལྟས་བྱུང་ནས།། ཐབས་དང་ཉམས་དང་རོ་པ་ཡིས།། རིམ་པ་བཞིན་དུ་བསླབ་པར་བྱ།། ཐ་བས་དང་ཤེས་རབ་གཉིས་མེད་པའི།། ཉི་ཟླ་འདྲེས་པའི་ཐིག་ལེ་ཉིད།། དངོས་བྲལ་ལྷན་ཅིག་སྐྱེས་པ་ཉིད།། རྒྱལ་བ་ཀུན
191b8 གྱི་ཕྱག་རྒྱ་ཡིན། ། ལྷན་ཅིག་སྐྱེས་ལ་གནས་པའི་ཚེ།། མ་ལུས་བདེ་ཆེན་རོ་གཅིག་པས།། བདེ་ཆེན་ཕྱག་རྒྱ་ཅིག་ཏུ་གནས།། རྡོ་རྗེ་པད་མའི་ཐིག་ལེ་ཉིད།། ས་ཡ་བཅུ་གསུམ་ཕྲག་གཉིས་རྩ།། ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས།།
iiif viewer powered by OpenSeadragon
191a - 192a