e-texts navigator
Collection
Volume
Page
Wylie

188a1 མ་ལུས་ཡོན་ཏན་རང་ཤར་བས།། ཐམས་ཅད་མ་ལུས་མི་འདའ་ལ།། ཚོགས་གཉིས་རྫོགས་པའི་འབྲས་བུ་ཉིད།། དབང་པོ་ཅིག་ཅར་སྤྱོད་ཡུལ་ཡིན།། གང་སུ་བློ་དང་མོས་པ་དང་།། རྟོགས་ཆུང་མཚན་མ་དགའ་བ་ལ།། ཐུན
188a2 མོ་སྒོ་འཐུན་ཁྱད་པར་ཅན། ། རིམ་པའི་རྣལ་འབྱོར་བརླབ་པར་བྱ།། དང་པོར་ཕྱི་ནང་སྣོད་བཅུད་ཀུན།། རང་ས་ཉིད་ནི་མི་དམིགས་པ།། མ་བཅོས་མ་གསལ་མི་གནས་པ།། དངོས་པོ་ཅི་ལའང་མི་རྟག་ཅིང་།། དེ་ཉིད་ལ་ཡང་མི་རྟོག་པ།། འཛིན
188a3 རྟོག་ཞེན་པ་མི་གནས་པར། ། བསམ་དང་བསམ་བྱ་མེད་ཚུལ་གྱིས།། བདག་གཞན་ཕྱི་ནང་མ་ལུས་པ།། གང་གི་ངོ་བོང་མ་གྲུབ་པ།། ཅི་ལའང་མི་གནས་སྦྱོར་བ་ཡིས།། རང་སར་མི་རྟོག་ངོ་བོ་ཉིད།། བཅོས་པ་མེད་པའི་ཚུལ་དུ་བསྒོམ།། གལ་ཏེ་མཚན
188a4 མའི་རྒྱུ་བ་དག། ཆུ་ལས་རྙོག་པའི་ཚུལ་བྱུང་ན།། མ་བཅོས་རང་བཞིན་གཞག་པ་ཡིས།། མ་ལུས་རྟོག་མེད་དེ་བཞིན་ཉིད།། རང་བཞིན་བཞག་པས་དག་པར་འགྱུར།། ནམ་མཁའ་དག་པར་འགྱུར་བའི་ཚེ།། སྤྲིན་ཀྱང་རང་འབྱུང་དག་པ་ལྟར།།
188a5 བྱུང་ཚོར་དྲན་ཏོག་མ་ལུས་པ།། ཆོས་ཉིད་སྟོང་པའི་རང་བཞིན་ནོ།། གང་དུ་སྣང་སྲིད་མ་ལུས་པ།། ཕྱི་ནང་མེད་པའི་སེམས་ཉིད་དེ།། དེ་ཉིད་སྟོང་པའི་རང་བཞིན་དུ།། གོམས་ཤིང་ནུས་པ་བརྟན་པའི་ཚེ།། དེ་ཉིད་རྣལ་འབྱོར་དེ་ཉིད་ནི།། སྟོང་པ་ཆེན
188a6 པོ་རྣལ་འབྱོར་ཡིན། ། སྒོ་གསུམ་བྱེད་སྤྱོད་མ་བཅོས་པ།། མ་བརྟགས་མི་རྟོག་ཅིར་མི་གནས།། འདི་ནི་རྣལ་འབྱོར་རྩེ་གཅིག་པས།། བྱ་བ་སྤངས་པའི་སྤྱོད་པ་ཡིན།། དེ་ནས་དེ་ལས་ལངས་པའི་ཚེ།། སྒྱུ་མ་ཆུ་ཟླ་སྨིག་སྟུ་དང་།། འཛའ་ཚོན
188a7 ལྔ་བ་ཆུ་བུར་ལྟར། ། སྣང་ཡང་དངོས་པོར་གནས་མ་ཡིན།། རིགས་པ་ཕྱི་ནང་མ་ལུས་པ།། སྟོང་པའི་ཚེ་འཕྲུལ་སྣང་དུ་ཟད།། མ་ལུས་རིག་པའི་ངོ་བོ་སྟེ།། དེ་ཡང་རྒྱུ་མའི་རང་བཞིན་ལྟར།། ཞེ་ནས
188a8 མེད་པའི་ཚུལ་དུ་བསྒོམ། ། ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི།། དཔག་མེད་ངོ་བོར་རང་སྣང་ཡང་།། བྱིན་བརླབས་ཆོ་འཕྲུལ་རང་སྣང་བ།། དེ་ལྟར་མ་རྟོགས་དམན་པ་ལ།། རང་འབྱུང་སྙིང་རྗེར་འཆར་བའི་ཕྱིར།། སྙིང་རྗེ་ཆེན་པོ་རྣལ་འབྱོར




iiif viewer powered by OpenSeadragon

187b - 188b

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud