e-texts navigator
Collection
Volume
Page
Wylie

187a1 པ། ། གང་གིས་འདུལ་བར་མི་ནུས་པ།། གཟིར་ཞིང་འདུ་ཤེས་བསྒྱུར་བའི་ཕྱིར།། དྲག་པོ་བསྒྲལ་པའི་ཕྲིན་ལས་བརྩམ།། གང་ཡང་རུང་བའི་དངོས་པོ་ལ།། དང་པོ་མི་འཐུན་ཞི་བར་བྱ།། དེ་ནས་ཡོན་ཏན་རྒྱས་པར་བྱ།།
187a2 དེ་ཉིད་དབང་བསྡུ་ལས་ལ་སྦྱར།། གང་ཏེ་དབང་དུ་མ་གྱུར་ན།། དྲག་པོས་གཟིར་ཏེ་བསྒྲལ་བར་བྱ།། གལ་ཏེ་ལོག་པར་ལྷུང་སྲིད་པས།། འོག་མིན་གནས་སུ་ཕཊ་ཀྱིས་འཕང་།། ངེས་པར་འགྲུབ་འགྱུར་གདོན་མི་ཟ།། དང་པོར་སྔོན
187a3 བྱའི་ལས་ཀྱིས་ནི། ། ནུས་དང་མི་ནུས་ཁྱད་པར་རྟག། དེ་ནས་ནུས་པ་ཐོབ་པ་སྟེ།། དེ་ནས་བདེ་བའི་རྩལ་ཐོབ་ནས།། ཐོགས་པ་མེད་པའི་ཕྲིན་ལས་འགྲུབ།། ཟག་མེད་ལམ་ལ་གོམས་སྦྱངས་པས།། ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི།། གདུལ།
187a4 བྱ་ཞིང་དང་ནུས་མཐུ་དང་།། བྱིན་བརླབས་རྩལ་གྱི་ཁྱད་པར་འཕགས།། མཐར་ཕྱིན་སྐུ་ལྔའི་ཞིང་ཐོབ་པས།། མ་རྩལ་ཆུ་དང་རླབས་བཞིན་དུ།། དཔག་མེད་ཡོན་ཏན་ངོ་བོའི་ཕྱིར།། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཡིན།། ལས་དང་ཉེན་མོངས་གདུག་པ་དང་།
187a5 གདུག་བསྔལ་རྟོག་པ་ཇི་སྙེད་པ།། ཆོ་ག་ཐབས་དང་ཏིང་འཛིན་གྱིས།། ལྷན་ནེ་ལྷང་དེར་ཞི་བར་འགྱུར།། ང་རྒྱལ་རིན་ཆེན་བཟི་བརྗིད་ཀྱིས།། དཔལ་དང་ལོངས་སྤྱོད་འཕེལ་བ་དང་།། ཚེ་དང་ལང་ཚོ་སྟོབས་ལྡན་ཞིང་།། ཡོན་ཏན་ནམ་མཁའི
187a6 མཐའ་དང་མཉམ། ། འདོད་ཆགས་རྡོ་རྗེ་ཏིང་འཛིན་གྱིས།། བདུད་དང་གདུག་པ་རྒྱལ་པོ་དང་།། ལྷ་དབང་སྲིན་པོ་མཁའ་འགྲོ་མ།། ཕྱག་ན་རྡོ་རྗེའང་དབང་དུ་འགྱུར།། ཞེ་སྡང་རྡོ་རྗེ་ཏིང་འཛིན་གྱིས།། ཆོ་ག་རྫས་དང་སྔགས་ལྡན་པས།། ཆོས
187a7 སྐུ་རྡོ་རྗེའང་འཇིག་འགྱུར་ན། ། གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས།། རང་ལུས་བདེ་ཆེན་ཀུན་གྱི་དབྱིངས།། རང་ལུས་ཐིག་ལེའི་ཐབས་མཁས་པས།། སྦྱོར་བ་རླུང་གི་གོམས་སྟོབས་ཅན།། དཀྱིལ་འཁོར་ནང་ལ་གནས་གྱུར་པས།། ཉམ
187a8 ཀྱིས་ལས་བཞི་གསལ་གྱུར་ཏེ། ། རིམ་པ་ཇི་བཞིན་འགྱུར་བ་དང་།། རང་གི་མངོན་པར་གསལ་གྱུར་པ།། ནུས་པ་བརྟན་པས་མངོན་དུ་འགྱུར།། གཞན་མིན་འཁོར་ལོ་ཕོ་བྲང་ཉིད།། གནས་དང་འཇུག་དང་གཟུང་བ་དང་།། བསྟིམ་ཞིང་གནས།




iiif viewer powered by OpenSeadragon

186b - 187b

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud