| | e-texts navigator
|
186a1 ཐབས་དང་ཤེས་རབ་ལས་འབྱུང་བའི།། དངས་སྙིགས་བཅུད་དང་བག་ཆགས་དང་།། ཉི་ཟླ་ཁུ་བར་བཅས་པ་ནི།། བདེ་ཆེན་གསང་བ་མཆོད་པའི་རྫས།། གདུང་དང་བདེ་བ་བྲལ་བ་དང་།། ཞེན་རྟོག་དེ་ཉིད་ཆགས་པ་ཡི།། རང་གི་ལིང
186a2 གདེ་ཉིད་ལ། ། གསང་བའི་ཕུ་བ་བའི་རྫོགས་པ།། གསང་བའི་ཡུལ་ལ་བཏབ་པ་ཡིས།། ལྷན་ཅིག་སྐྱེས་པའི་ཏིང་འཛིན་ལ།། ལས་བཞི་མ་བཅལ་རྫོགས་པར་ལྡན།། རོལ་པའི་ཚུལ་དང་ཐིག་ལེ་གཉིས་པ་ད་མཛ་རྗེ་སྙིང་པོའི། 1
186a3 དང་སྦྱོར་ཚུལ་གང་ཡིན་པ། ། གསང་བའི་སྦྱོར་བའི་དུས་སུ་བལྟ།། གནས་པ་རྩ་ཡི་ཚུལ་དག་ནི།། ཁ་དོག་དབྱིབས་སོགས་ཐ་དད་པས།། མཆོད་རྫས་ཉི་ཟླར་བཅས་ཀུན་ལ།། གཟར་བུ་གཉིས་བཅས་ཐབས་ཕུལ་བས།། ཐིག་ལེ་ཆེན་པོར
186a4 འབབ་པར་འགྱུར། ། གསང་བའི་དོན་ལ་དགའ་བ་དང་།། རིག་པའི་བཏུལ་ཞུགས་སྤྱོད་པ་དང་།། དབང་པོ་དར་ཅིང་སྨིན་པ་དང་།། ཐིག་ལེའི་དོན་ལ་མོས་པ་དང་།། རླུང་དང་བཅུད་ལ་གོམས་པ་ཡི།། རྣལ་འབྱོར་པོ་མོ་བཅས་པ་ཀུན། དྲན་རྟོག
186a5 ཕྱི་མ་བཅས་པའི་ཡིད། ། གདུལ་བྱའི་དོན་དུ་དེ་བཤད་དོ།། གང་དག་ཐབས་ལ་མཁས་པ་དང་།། དབང་དང་དམ་ཚིག་ལྡན་པ་ཡིས།། ཐབས་དང་སྦྱོར་བ་ལ་ཚོན་ཞིང་།། ཉི་ཟླ་རྩ་སྦྱོར་དབང་ཐོབ་ནས།། བཟུང་ཟློག་འབྱོངས་པའི་ཀར་ཐབས
186a6 ཀྱིས། ། དངོས་པོ་ལྷན་ཅིག་སྐྱེས་པའི་དོན།། སེམས་ལྔའི་ཚུལ་གྱིས་གསལ་བར་སྐྱེ།། ཉི་ཟླ་ཞོན་པའི་རྫུ་འཕྲུལ་དང་།། རྒྱུ་བའི་རླུང་ལ་དབང་ཐོབ་པས།། ཁམས་བཞི་འདུས་པའི་སྙིང་པོ་ལས།། བདེ་ཆེན་ཐིག་ལེ་མེ་ཏོག་པ།། ཐབས་ཀྱིས
186a7 དེ་ལྟར་མངོན་དུ་སྣང་། ། ཐབས་དང་བྲལ་བའི་སློབ་དཔོན་གྱིས།། སྐལ་མེད་ལས་ཀྱིས་དམན་པ་ལ།། དབང་དང་བརྒྱུད་པ་བྲལ་བ་ཡིས།། ཚིག་དང་རིགས་པ་ཅི་བསྟན་ཀྱང་།། རིགས་ངན་རྒྱལ་སར་བཞག་པ་ལྟར།། བདག་པར་གན
186a8 རླག་འཇིག་པར་འགྱུར། ། གང་དུ་གསད་པའི་ཐིག་ལེ་ཉིད།། གསང་བའི་ལམ་ལྔར་ཉམས་སྐྱེས་པས།། ཟག་མེད་བདེ་བའི་དཀྱིལ་འཁོར་དུ།། མཁའ་འགྲོ་གསུམ་ལ་གང་བརྟེན་ནས།། ཡེ་ཤེས་ཐིག་ལེ་རྒྱ་དཔག་མེད།། རིམ་པས།
iiif viewer powered by OpenSeadragon
185b - 186b