e-texts navigator
Collection
Volume
Page
Wylie

181b1 རྡོ་རྗེ་རྣལ་འབྱོར་པས། ། མངོན་ཤེས་མིག་དང་ལྡན་འདོད་ན།། བདག་ཉིད་ལྷ་ཡི་རྣ་ལ་འབྱོར་པ།། རབ་ཏུ་དབེན་པའི་ས་ཕྱོགས་སུ།། མིག་སྣ་ལྔ་དང་བདུན་པའི་ཞག། དེ་ཡི་ཞུན་མར་རུང་བར་བཅས།། འཕྲུལ་གྱི་འོ་མ་དག་གིས
181b2 སྦྱར། ། རྡོ་རྗེ་པྲ་ཡིས་ཞག་བདུན་བསྒྲུབ།། ཉམས་དང་དྲོད་རྟགས་ཐོབ་པ་ན།། མིག་ལ་ལེགས་པར་སྔགས་ཀྱིས་བྱུག། སྐད་ཅིག་སྟོང་གསུམ་བཅས་པ་ཡིས།། ཕྱོགས་བཅུ་མངོན་པར་ཤེས་པས་མཐོང་།། གང་ཟག་རྒྱུད་ནི
181b3 བརྟག་པ་དང་། ། སྡུག་བསྔལ་དྲག་པོས་ཞོན་བཟློག་ཅིང་།། སོ་སོ་དག་པའི་ཞིང་ཁམས་ཀྱིས།། ཡིད་བདེ་གྲུབ་པར་བྱ་བའི་ཕྱིར།། མངོན་ཤེས་མཚན་མས་ལེགས་པར་བསྒྲུབ།། རྐང་མགྱོགས་ཐོབ་པར་འདོད་པ་ཡིས།། བདག་ཉིད
181b4 ལྷག་པའི་ལྷར་བསྒོམས་ནས། ། བརྟན་ཞིང་བར་ཆད་མེད་ཐོབ་ནས།། ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ།། ཡ་མ་ལས་རླུང་གི་དཀྱིལ་འཁོར་སྟེ།། སྐད་ཅིག་དཔག་ཚད་བརྒྱར་འགྲོ་བ།། དེ་ལ་གནས་བསམ་མ་ཡེངས་པས།། རླུང
181b5 གིས་ཁྱབ་པ་ཇི་ལྟ་བར། ། དཔག་ཚད་བརྒྱ་ཕྲག་དུ་མ་ཡང་།། སྐད་ཅིག་ཙམ་གྱིས་བགྲོད་པར་འགྱུར།། གལ་ཏེ་རྫུ་འཕྲུལ་བཞི་དག་གིས།། རིག་འཛིན་གོ་འཕང་འགྲོ་འདོད་ན།། སྔོན་དུ་དག་པའི་དོན་ཐོབ་ནས།། ཕྱག་རྒྱ་གསལ་བར་གྱུར
181b6 པའི་ཚེ། ། ནམ་མཁའ་ལྡིང་གི་ཟླ་བ་ལ།། ཧཱུཾ་ལས་རྡོ་རྗེ་ཆོ་ག་གསུམ།། རིམ་པར་བརྟན་པའི་དབང་ཐོབ་ནས།། དངས་མའི་ཕྱག་རྒྱལ་བརྟེན་པས།། རྡོ་རྗེ་བཟླར་བཅས་རླུང་བརྟེན་པས།། གང་འཐང་ཞིང་དུ་བསྐྱོད་པའིས།། རྡོ་རྗེ་རེགེ་པ་འཛིན
181b7 པ་ཡིས། ། ཞིང་ཁམས་དགེ་བའི་བྱ་བ་འགྲུབ།། མདུན་གྱི་ནམ་མཁར་ཟླ་བ་ལ།། ཨོཾ་ལ་ཆོ་གའི་ཚུལ་གྱིས་བསྐུར།། བརྟན་པའི་འཁོར་ལོ་ཟླ་རླུང་གིས།། དངས་མའི་སྟོབས་ཀྱིས་ལུས་གནས་པས།། དེ་བཞིན་གཤེགས་པའི་རིག་འཛིན
181b8 པ། ། ཞིང་ཁམས་སོ་སོར་སྐྱོང་བྱས་ནས།། རང་གི་བསམ་པ་བསྒྲུབ་པར་བྱ།། ནམ་མཁའ་དབྱིངས་ཀྱི་ཟླ་བ་ལ།། ཏྲཾ་ལས་སྐྱེས་པའི་ཆོག་གཡིས།། རིན་ཆེན་རླུང་ཟླར་བཅས་པ་ཡིས།། ཏིང་འཛིན་དྲག་པོ་བསྐྱོད་པའི་ཤུགས།། དངས་མ་ལུས




iiif viewer powered by OpenSeadragon

181a - 182a

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud