e-texts navigator
Collection
Volume
Page
Wylie

180b1 བྱུང་མཐར་ཐུག་མངོན་གྱུར་ནས།། ལེགས་ཉེས་དེ་ཡིས་སྨྲ་བར་འགྱུར།། གལ་ཏེ་འདང་ཞིང་མི་བརྗོད་ན།། ཨོཾ་གྱི་འོད་དང་ཨ་མྲི་ཏས།། ལྕེ་ལས་ཐབས་ཀྱིས་དབང་བསྐུར་ཞིང་།། ཧ་ཡ་གྲཱི་བས་གང་མོས་བསྡིགས།། ལེགས་པར་སྨྲ
180b2 པར་ཐེ་ཚོམ་མེད། ། གལ་ཏེ་གསང་པའི་ལས་བྱེད་ན།། གསལ་ལ་བརྟན་ཐོབ་རྣལ་འབྱོར་པས།། དུར་ཁྲོད་ཤིང་ཅིག་བཞི་མདོའམ།། ལྷ་འདྲེས་མངོན་དུ་གནས་པའི་སར།། བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ།། དུང་ཁ་ནག་པོ་འོད་འབར་བ།།
180b3 སྨན་བཟློག་མཚོན་ཆ་མེ་ལྟར་འབར།། སྤྲུལ་པའི་ཆར་ལྟར་འཁྲུག་པར་བསམ།། མདུན་དུ་ཧོམ་ཁུམ་ཁྲུ་གང་ཚར།། གྲུ་གསུམ་དུར་སོལ་ཁྲག་ཆེན་བྱུག། ནང་དུ་ལིང་ཀ་བདུད་རྩི་ལྔ།། ཆགས་པའི་རྒྱུ་དང་ཚ་བ་དང་།། ཤེས་པ་ཆགས
180b4 པའི་རྟེན་ལས་བྱས། ཕོ་ཉས་མི་རུས་བཅས་བཀུག་ལ།། བསྟིམས་ལ་ཕྱག་རྒྱས་བཅིང་བར་བྱ།། ལྕགས་སམ་ནག་པོའི་ཤིང་ལས་བྱས།། དྲག་པོའི་ཕུར་བས་གནམ་གསུམ་གདབ།། ཧྲིཿཥཱི་དྲག་པོས་གཡས་གཡོན་ནས།། ཁྲོས་པའི
180b5 སེམས་ཀྱིས་བསྲེག་བྱས་ནས། ། དེ་ནང་དྲག་པོ་ཚེར་མ་ཅན།། ནམ་ཕྱེད་གཅེར་བུས་བསྲེགས་བྱས་ནས།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། གལ་ཏེ་དབྱེ་བའི་ལས་བྱེད་ན།། བདག་ཉིད་ཡ་མཱན་ཏ་ཀ་སྟེ།། རྔམ་ཞིག་གདུག་གཏུམ་པ
180b6 རྒྱལ་ཅན། ། ཤིན་ཏུ་འཇིགས་ཤིང་སྡིགས་པར་བསྒོམ།། ཉི་མས་འཇིགས་པའི་དང་རུང་དང་།། མུན་པས་འཇིགས་པའི་གུང་རུ་ལ།། གང་ཡིན་དེ་ཉིད་དྲིས་ལ་བླན།། ལྷ་དང་ལྷ་མིན་གཉིས་ལ་གཏད།། རླུང་གི་ཕྱོགས་སུ་དེ་ཡིས་བསྐྱོར།
180b7 སྤྲུལ་པ་པོ་ཉེས་གཡུལ་འགྱེད་ཅིང་།། འཐབ་ཅིང་རྩོད་པར་རྣམ་པར་བསམ།། བར་དུ་ཁྲག་དང་བྱེ་རོག་འཐབ།། མེཆུ་རླུང་གིས་འབུད་བསམས་ན།། དེ་ནི་གང་ཡིན་སུ་ཡང་རུང་།། འབྲལ་ཞིང་འཐབ་པ་ཉིད་དུ་འགྱུར།། རྒྱལ་པོ་བྲམ་ཟེ་བློན་པོ་དག།
180b8 གདུག་པ་གནོད་པ་ཅན་གྱི་རིགས།། མིག་ནས་བསླང་བར་བྱ་བའི་ཕྱིར།། བདག་ཉིད་ཨ་པར་ཙི་ཏ་སྟེ།། དྲག་པོ་ཁྲོས་པའི་ཚུལ་དུ་བསྒོམ།། དགྲ་བགེགས་གར་ཡང་རུང་བ་ཡི།། འོག་ཏུ་རླུང་སྙིང་བཅས་པར་བྲི།། སྟེང་དུ་མིང་རུས་བཅས




iiif viewer powered by OpenSeadragon

180a - 181a

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud