e-texts navigator
Collection
Volume
Page
Wylie

179a1 པ། བདག་གམ་གཞན་གྱིས་བྱས་པ་ན།། བདག་དབང་བཀྲ་ཤིས་ཕུན་སུམ་ཚོགས།། དམ་ཚིག་དབང་དང་ལྟ་བ་དག། སྔོན་དུ་བྱ་བ་རྫོགས་པ་ཡིས།། སྔོན་དུ་རྣལ་འབྱོར་གསུམ་ཐོབ་བམ།། དང་པོ་ཡིད་བརྟན་གང་ཡིན
179a2 ཀྱང་། ། གང་ལ་ཡིད་ཀྱིས་དམིགས་པ་དེ།། ཆོ་ག་ཏིང་འཛིན་འབྲེལ་བ་ཉིད།། རང་རང་རྟག་པ་གནས་བཞིན་དུ།། ཐ་མལ་པ་དང་ལེ་ལོ་དང་།། ཐེ་ཙོམ་དད་པའི་སྟོབས་ཀྱིས་ཏེ།། གལ་ཏེ་དེ་དག་མི་ལྡན་ན།། ས་ཐོབ་ཀྱིས་ཀྱང་མ་ཡིན་ན།།
179a3 གང་ཟག་སྐྱེས་པོས་སྨོས་ཅི་དགོས།། གལ་ཏེ་དགུག་པའི་ལས་བྱན།། བདག་ཉིད་དབང་དྲག་ཁྲོ་བོ་སྟེ།། དམར་ཐག་དུད་ཀའི་མདོག་འདྲ་བའི།། གང་ལྟར་གནས་པའི་འཕྲོ་འདྲ་ནི།། ཞགས་པ་ལྕགས་ཀྱུ་ཤེ་དག་སྟེ།། དམིགས་པ་བརྟན
179a4 ཅིང་རྟགས་ཐོབ་ནས། ། མངོན་དུ་གྱུར་གྱི་བར་དུ་ནི།། རང་སྔགས་བརྗོད་པ་དེ་ཡི་མཐར།། ཆེ་གེ་མོ་ཞིག་ཛ་ཧཱཾ་ཞེས།། དགྲ་དང་བགེགས་དང་ལྷ་དང་གཟུགས།། མཐུ་དང་རྫུ་འཕྲུལ་ལྡན་ཡང་རུང་།། ཐ་མ་ལ་དབང་མེད་བཞིན་དུ་དགུག།
179a5 གལ་ཏེ་དེ་ཡི་དགོས་པ་དག། མྱུར་དུ་གྲུབ་པར་མ་འགྱུར་ན།། དེ་དག་ལེགས་པར་གྲུབ་ཀྱི་བར།། གང་ཡིན་མཁས་པས་བཅིང་བར་བྱ།། ངག་དང་ཐབས་དང་ཏིང་འཛིན་གྱིས།། འགྲུབ་པར་འགྱུར་བར་གདོན་མི་ཟ།། བདག་ཉིད་དབང་དྲག
179a6 གསལ་བ་ཡི། ། ལྕེ་ལ་དབང་གི་འཁོར་ལོ་བསམ།། ཡི་གེ་གསུམ་ལྡན་དགུ་བཀོད་ནས།། འོད་ཀྱིས་ནམ་མཁའི་ཁམས་བཀང་ཞིང་།། པད་མ་ར་ག་ཞུ་འདྲ་བས།། གང་ཐིམ་བདག་གི་དབང་གྱུར་ཞིང་།། བདེན་པ་བདར་ཞིང་དག་གིས་བཅིག།
179a7 ཡང་ན་གང་ལ་གང་ཆགས་པའི།། རྫས་ལ་རིང་དུ་འདོད་པ་ལྟར།། འདོད་པ་གྲུབ་ན་དམ་བཅས་ཞིང་།། ཡིད་འོང་འདུལ་བའི་ཏིང་འཛིན་གྱིས།། དགའ་བའི་ཐབས་ཀྱིས་བསྟེན་བྱས་ན།། གལ་ཏེ་འགྲོ་ཞིང་བྲོ་འདོད་ན།། དབང་དྲག་ཕྱག་རྒྱས
179a8 བསྡིགས་བཅིང་གཟིང། ། དགའ་བའི་ཐབས་ཀྱིས་ཡིད་འཕྲོགས་ནས།། རོལ་མོ་སྐུ་མཁན་དག་དེ་ཡིས།། འདུས་པའི་གང་ཟག་ཆགས་པ་ཅན།། བྱ་བ་ཐབས་ཀྱིས་བྲལ་བ་ལྟར།། བྲལ་བ་མེད་པར་གནས་པར་འགྱུར།། ཏིང་འཛིན་པཅན




iiif viewer powered by OpenSeadragon

178b - 179b

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud