e-texts navigator
Collection
Volume
Page
Wylie

178b1 པ་ནི། ། མ་ཉམས་དོན་དང་ལྡན་པའི་རྟགས།། རྣལ་འབྱོར་དབང་ཕྱུག་རྒྱལ་པོ་ཡིན།། གལ་ཏེ་མ་ཉམས་རྟགས་བྱུང་ནི།། བསྐར་གསོའི་ཆོ་ག་མྱུར་དུ་བརྩམ།། གལ་ཏེ་ཉམས་ལ་རྟགས་མེད་ཅིང་།། ལེགས་པར་སྣང་ན་མི་རུང་ཏེ།།
178b2 བདག་གིས་བོན་ཚིག་པ་སྟེ།། བདེ་བ་ཟང་བྱས་གཏན་དུ་སྡུག།། མཉམས་རྟགས་བྱུང་མྱུར་བསྐངས་ན།། སྔོན་གྱི་བག་ཆགས་ཟད་པར་འགྱུར།། ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་དམ་ཚིག
178b3 མ་ལུས་པ་བཤད་པའི་ལེའུ་སྟེ་བརྒྱད་པའོ། ། །། དེ་ནས་ཡང་དག་བཤད་བྱ་བ།། མཆོག་དང་ཐུན་མོང་ལ་སོགས་པ།། བསྒྲུབ་པའི་ཁྱད་པར་ཇི་སྙེད་པའི།། རྟོག་པའི་ཆོ་ག་མདོར་བསྡུས་བཤད།། རྒྱུད་ཀྱི་རྒྱལ་པོ་མ་ལུས
178b4 ལས། ། ཐུན་མོང་དག་ལ་མོས་ཞུགས་པས།། ཐུན་མོང་ཡོ་བྱེད་ཏིང་འཛིན་དང་།། སྔགས་དང་ཕྱག་རྒྱ་འབྲལ་གོམས་པས།། རྟགས་དང་ནུས་པ་མཐར་ཕྱིན་པས།། གང་ལྟར་དམིགས་པ་འགྲུབ་འགྱུར་ཏོ།། ཟག་ཅས་ཐུན་མོང
178b5 དངོས་གྲུབ་ཡིན། ། དེ་ལས་གཞན་པ་བཤད་པར་བྱ།། ། གང་དུ་མཆོག་གི་རྣལ་འབྱོར་པ།། དབང་དང་དམ་ཚིག་ཏིང་འཛིན་དག། ཕྱི་ནང་གསང་བའི་རིམ་ཐོབ་ན།། མི་ལྡོག་བརྟན་པའི་རྣལ་འབྱོར་ཐོབ།། མཐོང་ནས་བསྒོམ་ལཾ
178b6 མ་ངེས་རིགས། ། ཏིང་འཛིན་གང་བསྒོམས་པར་ཚད་མེད།། ཚེ་འདིས་དབང་བསྒྱུར་འཇིགས་བྲལ་ཏེ།། དེ་ནས་སྐུ་ལྔའི་བདག་ཉིད་ཐོབ།། མཆོག་ལྡན་མཆོག་གིས་མཆོག་ཐོབ་པས།། མཆོག་གི་དངོས་གྲུབ་ཐུན་མོང་མིན།། དད
178b7 དང་དམ་ཚིག་ཤེས་རབ་དང་། ། བརྩོན་འགྲུས་བརྟུལ་ཞུགས་བཟོད་པ་ཐོབ།། བརྟན་ཅིང་སྙིང་རྩེ་དབང་རྫོགས་ཤིང་།། བསྒྲུབ་དང་ལམ་གྱི་སྦྱོར་བ་ཤེས།། ཡིད་ཐུབ་མི་ལྡོག་བརྟན་པ་དང་།། ཉམས་ཐོབ་དང་དུ་ལེན་པ་ནི།། ཅིག།
178b8 དང་ལྔ་གསུམ་གང་ཟག་གིས།། རི་བོ་རི་སུལ་གསལ་བར་དང་།། ཆུ་གླིང་ངམ་གྲོག་བྲག་རྗོད་དང་།། དུར་ཁྲོད་རི་ཕུག་ཆུ་མདོ་དང་།། ཡིད་འོང་བཀྲ་ཤིས་ཉམས་དགའ་བར།། ཆོ་ག་བྱིན་བརླབས་རྫོགས་པ་ཉིད།། ལས་ཀྱི་ཆོ་ག་གང་ཡིན




iiif viewer powered by OpenSeadragon

178a - 179a

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud