| | e-texts navigator
|
147b1 ཀྱི་གདན་ལ་བཞུགས། ། ཁྱབ་པའི་ཐིག་ལེའི་གུང་ནང་ན།། བཞུགས་ནས་བདག་པོ་རྟེན་བདག་ཅན།། རྩ་བཅུད་འབྲེལ་བའི་རྒྱན་དང་བཅས།། ཀ་བ་གསུམ་དང་ཕོ་བྲང་བཞིན།། ལྡེ་མིག་གཉིས་ལ་འབྱེད་པ་བཞི།། སྒོ་བཞི་ཕྱེ་བས།
147b2 གཞལ་ཡས་ཁང་།། ལྷ་དང་བཅས་པ་མངོན་དུ་འགྱུར།། དགོན་པ་དུར་ཁྲོད་ལྡན་པ་ཡི།། གསང་བའི་འོག་མིན་འབར་བ་ཉིད།། རིམ་པ་ཕྱི་ནང་པར་ལྡན་པར།། ཉི་ཟླ་པད་མའི་གདན་སྟེངས་ནས།། དུས་གསུམ་ཐིག་ལེར་རོ་ཅིག
147b3 པའོ། ། བདེ་ཆེན་གཉིས་སུ་མེད་པར་བཞུགས།། ཐབས་དང་ཤེས་རབ་དབྱེར་མེད་པའི།། ཚེམ་བུའི་ཚོགས་ཀྱང་དེ་བཞིན་ཏེ།། ཐུན་མོང་དམ་ཚིག་ཏིང་འཛིན་དང་།། བྱང་ཆུབ་ཤེས་རབ་སྙིང་རྗེ་ལྔ།། གཞན་དུ་ཐབས་དང་ཤེས
147b4 རབ་དང་། སྤྱང་དང་གླུ་གང་རྒྱན་དང་བཅས།། མ་སྤངས་རོལ་པར་ལོངས་སྤྱོད་པས།། ཡེ་ཤེས་ཉི་ཟླ་རྒྱུན་འཆར་བ།། རླུང་སེམས་ཡེ་ཤེས་བཅས་པ་ཉིད།། རྒྱུ་བ་མེད་པས་ཟག་པ་བྲལ།། ནམ་མཁའི་མཐར་ཐུག་པར་ཉིད་དུ།
147b5 ཟག་མེད་བདེ་བ་རྒྱུན་མི་འཆད།། དེ་ཉིད་ཚད་མེད་དཀྱིལ་འཁོར་ཏེ།། བདེ་ཆེན་མངོན་དུ་གང་བར་སྣང་།། དེ་དག་ལམ་ལ་ཞུགས་པ་ཡི།། ཕྱི་ནང་གསང་བ་མ་ལུས་པའི།། སྤྱོད་པའི་ཁྱད་པར་ཐམས་ཅད་ཀུན།། འདིར་ནི་རྒྱས་པ
147b6 བསྟན་པ་ཡིན། ། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཕྱི་ནང་གསང་བ་ལ་སོགས་པ།། སྐབས་ལ་བབ་པའི་རྣལ་འབྱོར་པ།། གང་ཡང་རུང་བས་སྤྱོད་པར་བྱ།། དང་པོ་རྟོགས་ནས་མཐར་ཐུག་པའི།། ཕྱི་ནང་གསང་བའི་འམ
147b7 སྤྱོད་ལ། ། སྤྱད་བྱ་ཡུལ་ཞེས་གང་འདོད་དེ།། ཐམས་ཅད་བྱུང་དོར་མེད་པར་སྤྱོད།། ཐབས་ཀྱི་ལྷ་སྤྱོད་ཏིང་ངེ་འཛིན་གྱིས།། པད་མ་ལ་ནི་འདམ་བཞིན་ནམ།། མུན་སྣང་གསེར་འགྱུར་ཐབས་བཞིན་དུ།། ཐབས་ལ་མཁས་པས
147b8 སྤྱད་པར་བྱ། ། སྐྱེས་མཆོག་ཐབས་དང་ལྡན་པ་ཡིས།། ཞིང་དང་སྤྱོད་ཡུལ་དམ་པ་ལ།། ཆགས་བྲལ་བདེ་བར་གང་སྤྱད་པས།། ནམ་མཁའི་དབྱིངས་ཀྱི་ལོངས་སྤྱོད་ལ།། བདེ་བ་ཆེན་པོར་ལོངས་སྤྱོད་ཅིང་།། ལྷུན་གྱིས་གྲུབ་པའི
iiif viewer powered by OpenSeadragon
147a - 148a