e-texts navigator
Collection
Volume
Page
Wylie

145b1 ཡིན། ། འདི་ནི་གནས་དང་མི་གནས་ཀྱིས།། སྲོག་དབང་དྲན་པ་དབང་སྒྱུར་བས།། གནས་དང་འཕོ་བ་ཕ་རོལ་དག། གནས་པ་སྲོག་གི་རླུང་ཅན་དོ།། གང་དུ་འཁྲུལ་བ་འཛེད་པ་དེ།། པ་ལུས་འགྱེད་ཅིང་སྤྲོ་བ་ཡིན།། གྱེན་ཐུར
145b2 འཛེག་ཅིང་འགེངས་འབྱུང་བའི། ། སྒོ་གཉིས་ལུས་ཀུན་ཁྱབ་པའི་རྩ།། དྲུག་བཅུ་རྩ་བཞི་སྙིང་པོ་ཅན།། ཕྱི་རིམ་བཞི་ཡི་རྒྱུན་དུ་འཁྱིལ།། དབུས་ནས་འཁྱལ་བ་ཐིག་ལེའི་རུ།། འཕེན་པ་བདེ་བའི་རླུང་དང་འགྲོགས།
145b3 གང་དུའང་འཁྲུལ་ཅིང་སྤྲུལ་པའི་ཕྱིར།། སྤྲུལ་པའི་འཁོར་ལོ་ཤེས་རབ་ཉིད།། དེ་འོག་གྲུ་གསུམ་འབར་བའི་རྩ།། གྱེན་དུ་འབར་དང་ཐུར་དུ་འཕྲོ།། འོད་ཀྱིས་འབར་བའི་ས་བོན་ཅན།། རྩེ་མོའི་འོགོ་མས་རེག་པའི་#
145b4 གཏུམ་མོ་ལྟེ་འོག་འབར་བའི་རྩེ། ། སྐྱེས་བུ་ཆགས་པ་སློང་བ་ལྟར།། འདི་དག་བདེ་བ་བསྐྱེད་པ་སྟེ།། གནས་ས་ཚད་དང་བཅས་པར་གནས།། དེའི་འོག་གཡོ་བ་རླུང་གི་རྟེན།། འབྱེད་དང་འཛུམ་པའི་ལས་ཅན་ཉིད།། དེ་དང་དེ
145b5 གཉིས་གང་ལྡན་པས། ། ལུས་ཀྱི་དངོས་སྡིགས་འདིས་འབྱེད་པ།། བྱེ་བྲག་བརྒྱད་བཅུ་རྩ་གཉིས་རྩ།། འདུས་པས་སྐུ་གསུང་ཐུགས་ཡིན་ཏེ།། ལྟེ་བ་ཐུར་དུ་འཛག་པའི་རྩ།། རྩ་གསུམ་འདོམ་པའི་བདེ་བའི་གནང་།། རྒྱུ་བ་རླུང
145b6 ནི་ཐིག་ལེའི་རྟེན། ། འགྱེད་ཅིང་འདུད་པ་གཡས་གཡོན་ཏེ།། བཅུ་དྲུག་འདུས་པའི་སྲོག་རྩེ་གོང་།། རྩ་གསུམ་མགྲིན་པར་འདུས་པ་ནི།། སྒྲ་སྦྱོར་འཁོར་ལོ་ངག་གི་གནད།། དེ་ནས་དངས་མའི་ཐིག་ལེ་ལ།། མ་ལུས་འདུས་པའི
145b7 ཚུལ་དུ་གནས། ། རིག་པའི་རྩལ་བཅུད་འདུས་པས།། ཐོགས་མེད་གསལ་བའི་མངོན་ཤེས་འབྱུང་།། ཕྱི་རོལ་ཟག་པའི་རྩ་ཉིད་ལ།། བདེ་བ་ཆེན་པོའི་བཅུད་འདུས་པས།། བདེ་ཆེན་ཉམས་ཉིད་སྐྱེ་པར་འགྱུར།། ཆོས་ཉིད
145b8 ཐིག་ལེ་མི་གཡོ་བ། ། དངས་མ་འདུས་པའི་བཅུད་ཐིམ་པས།། ཡེ་ཤེས་ལྔ་དང་ལྡན་པ་ཡི།། ཟག་མེད་ཡེ་ཤེས་བདེ་བ་ཆེ།། ནམ་མཁའི་དབྱིངས་ནི་རྒྱ་ཆེ་བ།། ཐོག་མཐའ་མེད་པར་ཁྱབ་པར་འགྱུར།། འདི་ཉིད་རྟོགས་དང་མ་རྟོག




iiif viewer powered by OpenSeadragon

145a - 146a

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud