e-texts navigator
Collection
Volume
Page
Wylie

144b1 ཐགས་དང་ལྡན་པ་ཡི། ། ཚོམ་བུ་རིམ་པསྒོམ་པར་བྱ།། དགོན་པའི་རིམ་པ་འམ་ནགས་ཚལ་དང་། ཆུ་འགྲམ་རི་རྩི་དུར་ཁྲོད་དང་།། སྐྱོན་བྲལ་ཡོན་ཏན་རྫོགས་པ་སྟེ།། དགྲ་དང་ཕྱོགས་མཚམས་སྐྱོན་མེད་པའི། བརྟག་པའི་རིན
144b2 པ་ལྡན་པ་ཡིས། ། ཤིས་དང་འཐད་པའི་ས་ཕྱོགས་སུ།། གཞལ་ཡས་རིམ་རྩེགས་མཛེས་ལྡན་པ།། རྒྱན་དང་བཅས་པ་ལྡན་བྱས་ལ།། ཏིང་འཛིན་མཉམ་པའི་ཤེས་རབ་ཐབས།། མི་ལྡན་གོང་སའི་འོད་ཀྱིས་སྤྱད།། བདག
144b3 དང་གཞན་གྱི་ནུས་པ་ཡིས། ། མཉམ་ནས་ཚོགས་ལ་འཇུག་པར་བྱ།། ཡོ་བྱད་ལྔ་ལྡན་ཐོགས་མེད་པར།། ཆོ་གའི་རིམ་པ་ཇི་བཞིན་བཙམ།། བྲོ་གླུ་གར་དང་ཏིང་འཛིན་བཅས།། བར་ཆད་མེད་པར་བསྒྲུབ་པར་བྱ།། གལ་ཏེ་འདོད
144b4 པ་མ་རྫོགས་པར། ། སྒྱུ་མའི་ལུས་དེ་མ་བརྟན་ན།། ཡིད་ཀྱིས་རྡོ་རྗེ་གསུམ་གསལ་བས།། རྣམ་པར་སྨིན་པའི་རིག་འཛིན་དེ།། ཕྱིན་ཆད་འཇིགས་བྲལ་ཁྱུང་བཞིན་ནོ།། དེ་བས་འབྲེལ་བའི་སྤྱོད་ལྡན་ན།། དབང་སྒྱུར་ཟག་མེད
144b5 ས་ཐོབ་སྟེ། ། བརྒྱ་དང་སྙིང་སོགས་འཇིག་བྲལ་ཞིང་།། གླིང་དང་འཇིག་རྟེན་བརྒྱ་སྟོང་དུ།། འདུལ་བའི་ཆོ་འཕྲུལ་མཐའ་ཡས་སྣང་།། འཇིག་པ་མེད་ཅིང་མི་ལྡོགས།། དཔའ་བོ་རྫོགས་པའི་རྣལ་འབྱོར་པས།། གཞན་དོན་སྤྱོད་པའི
144b6 ཁྱད་པར་དག། འདུལ་བའི་དབང་ནི་སྣ་ཚོགས་ཀྱིས།། རྣམ་པར་བརྩེ་བ་སྣ་ཚོགས་སྤྲོ།། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། ཤེས་རབ་ཕྱི་ཡི་སྤྱོད་པ་སྟེ།། ཆོ་ག་རྒྱས་པར་བསྟན་པ་ཡིན།། དེ་ནས་གཞན་ཡང་བཤད་བྱ་བ།། ནང
144b7 དུ་འཇུག་པའི་རིམ་པ་ཡི། ། སྤྱོད་པའི་ཁྱད་པར་ཆོ་ག་དག། དེ་ནས་རིམ་པ་འདི་དག་བཤད།། ལུས་ཅན་འགྲོ་བ་ཐམས་ཅད་ལ།། ཙཀྲ་བཞི་དང་སྐུ་གསུང་ཐུགས།། སྤོར་དང་འབར་མ་འཁྱལ་བ་དང་།། འབྲེལ་དང་མ་འབྲེལ
144b8 ཁུག་པ་དང་། ། འཛིན་དང་འཛག་དང་གནས་པ་དང་།། དེ་བཞིན་ཁྱབ་དང་འཁྲུལ་པའི་རྩ།། གང་དུ་རྒྱུ་དང་གནས་འཛིན་པས།། རྩ་ཞེས་དེ་ལ་མངོན་བཤད་དེ།། དེ་དག་རྒྱུ་དང་ལམ་འབྲས་དང་།། ཐབས་དང་ཤེས་རབ་གཉིས་མེད་པས།།




iiif viewer powered by OpenSeadragon

144a - 145a

Texts on this page

Q456 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud