| | e-texts navigator
|
135b1 དང་།། ཤེས་བྱའི་དྲི་མ་མཐའ་ཡས་པ།། རྟོགས་པས་སྦྱོང་ཞིང་སྲེག་པས་ན།། གོས་དཀར་མ་དུ་བརྗོད་པ་ཡིན།། གང་པྱིར་ལས་དང་ཏིང་འཛིན་དང་།། ཡེ་ཤེས་ཐུགས་རྗེ་བར་མེད་ཆུས།། གང་དག་འཁྲུད་དང་ཚིམ་བྱེད་པས།། ཆུ
135b2 ནི་ལཱ་ལ་ཀྵི་རུ་བཤད། ། གང་ཕྱིར་རྟོགས་དང་ཐབས་དག་དང་།། ཏིང་འཛིན་ཐབས་ཀྱི་རླུང་དག་གིས།། བགྲོད་པ་མེད་པའི་ཞིང་ཁམས་སུ།། སྒྲོལ་པས་སྒྲོལ་མ་ཉིད་དུ་བཤད།། སྙིང་པོ་རང་འབྱུང་ཡེ་ཤེས་ཉིད།། ཀུན་བརྟེན
135b3 གནས་དང་ཁྱབ་པའི་ཕྱིར། ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ས་ཡི་སྙིང་པོར་བརྗོད་པ་ཡིན།། རང་འབྱུང་སྙིང་པོ་བྱང་ཆུབ་སེམས།། ནམ་མཁའ་ལྟ་བུར་བསམ་བརྗོད་མེད།། མཐའ་དབུས་སྒྲོ་སྐུར་གང་འདས་པ།།
135b4 དེ་ནི་ནམ་མཁའི་སྙིང་པོ་ཉིད།། གང་ཕྱིར་ཐུགས་རྗེ་དཔག་མེདཔས།། འགྲོ་བ་ཆུ་པོ་རྒལ་གྱི་པར།། སྐྱོ་བ་མེད་པར་གཟིགས་པས་ན།། སྤྱན་རས་གཟིགས་དབང་པད་མའི་གཙོ།། རྟོགས་དང་དབྱེད་ཏེ། རྡོ་རྗེ་ཡིས།། མཐའ་ཡི་བདག་རྟོག
135b5 མཚན་མ་དག། འཇོམས་པས་ཕྱག་ན་རྡོ་རྗེ་སྟེ།། ཐུན་མོང་ཉིད་དང་ཁྱད་པར་གྱི།། གསང་བའི་རྣམ་པར་ཤེས་པ་བཞི།། ཐུན་མོང་ཡུལ་དང་ཁྱད་པར་ནི།། ཐབས་དང་ཤེས་རབ་འབྲེལ་པ་ལས།། མཚོན་དང་རྟོགས་དང་བསྒོམས
135b6 པ་ཡིས། ། ལྷ་མོ་བཞིར་ནི་མངོན་སྣང་བ།། བྱང་ཆུབ་སེམས་དང་བདེ་བ་དང་། ཐབས་ཀྱི་བདེ་བས་རབ་སྐེགས་པས།། ལྷ་མོ་འདི་ནི་སྒེག་མོར་བཤད།། གོལ་དང་མ་གྲོལ་འཁོར་བ་ཡིས།། ཕྱི་ནང་སྒྲ་ཡི་བྱེ་བྲག་ཀུན།། བྲག་ཆས།
135b7 བུར་རྗོད་མཛད་པས།། བར་ཆད་མེད་པས་ཕྲེང་བ་མ།། ཚིམ་པའི་ངོ་བོ་གང་བསྟན་པ།། དྲི་དང་ལྡན་པའི་ཁྱད་པར་ཉེད།། དབྱིངས་ཉིད་ཚིམ་ཞིང་ཡིད་བདེ་བས།། དེ་ཉིད་རྡོ་རྗེ་གཱི་ར་ཏི་མ།། རོ་ཡིས་ཁྱབ་ཅིང་གང་སྒྱུར་ལྟར།། བདེ་བ་ཆེན
135b8 པོ་བཞི་ཡི་གར། ། ཁྱབ་དང་མཛེས་དང་ཚིམ་པ་དང་།། མི་གནས་བཀྲོལ་བས་གར་མཁན་མ།། རྒྱན་དང་ཆགས་པའི་སྒྲ་དག་དང་།། ཡིད་ཀྱི་ཕྲེང་བ་བདེ་བའི་གར།། ལྷ་མོ་བཞི་ཡི་རང་བཞིན་ནོ།། མ་རྟོགས་འགྲོ་བ་མཐའ་ཡས་ལ།།
iiif viewer powered by OpenSeadragon
135a - 136a