| | e-texts navigator
|
133b1 པའི་རྒྱུད། ། བསྐལ་པ་གྲངས་མེད་སྔོན་རོལ་ནས།། ཤེས་རབ་སྦྱངས་དང་སྙིང་རྗེ་ལྡན།། དང་དང་བརྩོན་འགྲུས་དམ་ཚིག་དང་།། ཆོ་གས་དག་པར་སྦྱངས་པ་ཡིས།། དབང་པོ་རབ་ཀྱི་སྤྱོད་ཡུལ་ཡིན།། རྡོ་རྗེ་གསང་བའི་ཐེག
133b2 པ་འདི། ། ངོ་བོ་ཉིད་དང་བྱིན་རླབས་དང་།། མཚོན་དང་རྡོ་རྗེ་གྲུབ་པ་སྟེ།། རྡོ་རྗེ་ཐེག་པ་བདེ་བ་ཆེ།། རང་བཞིན་ངན་དང་དམན་པ་དང་།། ཕྱིན་ཅི་ལོག་དང་མི་མོས་དང་།། དབང་དང་དམ་ཚིག་མེད་པ་ལ།། གསང་ཕྱིར་གསང་བའི
133b3 ཐེག་པར་གསུངས། ། ཐབས་དང་བྲལ་བའི་སློབ་དཔོན་གྱིས།། སྣོད་དང་ལྡན་པའི་སློབ་མ་ལ།། གསང་བའི་སྙིང་པོ་བསྟན་གྱུར་ན།། བདག་དང་གཞན་ཀུན་སྡུག་བསྔལ་ཞིང་།། སྲེག་དང་སྒྲིབས་པར་ཡུན་རིངས་གནས།། སྒྱུ་འཕྲུལ
133b4 དྲ་བ་རྡོ་རྗེ་མེ་ལོང་གི་རྒྱུད་ཆེན་པོ་ལས་མཚན་གྱི་དོན་གྱི་བཤད་པ་དང་པོའོ། ། དེ་ནས་གཞན་ཡང་བཤད་བྱ་བ།། ཐུན་མོངས་མ་གྱུར་གསང་བའི་དོན།། ཐུན་མོང་མ་ཡིན་འཁོར་དག་ལ།། ཕྱོགས་བཅུ་རྒྱལ་བ་རྡོ་རྗེ་འཆང།། དཀྱིལ
133b5 འཁོར་མངོན་དུ་ཕྱུང་བ་ཡི། ། རྡོ་རྗེ་པད་མ་འབྲེལ་བ་ཡིས།། བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས།། ཐུན་མོང་ཐུན་མོང་མ་ཡིན་པའི།། ཉོན་མོངས་ལྷ་དང་ཤེས་བྱ་རྣམས།། སྐད་ཅིག་ཡུད་ལ་གསལ་བྱས་ཏེ།། ཐུན་མོང་ཁྱད་པར་གསང་བ་ཡི།།
133b6 ལམ་གཉིས་ངེས་པར་སྟོན་པས་ན།། སྟོན་པ་ཞེས་ནི་བརྗོད་པ་ཡིན།། དེ་ཡི་གནས་མཆོག་བཤད་བྱ་བ།། འབྱུང་དང་བཞུགས་དང་རྟེན་པ་དང་།། མཚོན་པ་བྱིན་གྱིས་བརླབས་ཕྱིར་རོ།། ཐབས་དང་ལམ་གྱིས་ཁྱད་པར་གྱིས།། ཀུན
133b7 བདག་རྡོ་རྗེ་འཆང་ཆེན་ཉིད། ། གཙང་མ་རིགས་དག་སྤངས་པ་ཡི།། འོག་མིན་གནས་མཆོག་ཆེན་པོ་དེར།། ཡང་དག་སངས་རྒྱས་དེར་སངས་རྒྱས།། སྐལ་མེད་སྐྱེ་བོ་གདུལ་བའི་ཕྱིར།། སྤྲུལ་པ་པོ་ནི་འདིར་སངས་རྒྱས།། སངས
133b8 རྒྱས་ཀུན་གྱི་བཞུགས་པའི་གནས། ། གཙང་མ་རིགས་དག་རྣམ་སྤངས་པ།། འཇིག་རྟེན་ལས་ཀྱིས་མཐར་གྱུར་པ།། འོག་མིན་འབར་བའི་གཞལ་ཡ་ས་ཁང་།། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི།། ཡོན་ཏན་ཁྱད་པར་ལྤགས་པ་ན།།
iiif viewer powered by OpenSeadragon
133a - 134a