| | e-texts navigator
|
131b1 དག་ལ་དྲི་བ་དྲིས་པའོ།། གང་ལ་གང་གིས་བརྟེན་པ་ཡིན།། དམ་ཚིག་ཞེས་པ་ཅི་ཡི་ཕྱིར།། རྩ་བ་དམ་ཚིག་དུ་ཞིག་བསྟན།། གང་པྱིར་རྩ་བར་བརྗོད་པར་བྱ།། ཡན་ལག་དུ་ཞིག་བསྟན་པ་གསུངས།། འདི་དག་ལམ་དང་བསྙེན་བསྒྲུབ་དང་།། གང
131b2 ཟག་གང་དོན་ཇི་ལྟར་འབྲེལ། ། བསྲུངས་དང་འདས་པའི་སྐྱོན་ཡོན་ཅི།། ཕྱི་ནང་གསང་བར་ཇི་ལྟར་གསུངས།། ཀྟ་དང་སྤྱོད་དང་སྒྲུབ་པ་དང་།། ཤེས་བྱ་ཏིང་འཛིན་དམ་ཚིག་ཏུ།། གྲུབ་དང་མི་སྤང་བསྲུང་ཅི་ཞིག། རྒྱལ་མཆོག་སྐྱེས་བུས
131b3 བཤད་དུ་གསོལ། ། ཐུན་མོང་ཐུན་མོང་མ་ཡིན་པའི།། མཆོག་དང་མཆོག་གྱུར་མ་ཡིན་པའི།། བསྒྲུབ་པའི་ཁྱད་པར་ཇི་ལྟ་བུ།། གང་གིས་གང་དུ་ཇི་ལྟར་གྲུབ།། དགུག་དང་བཅིང་དང་གསོ་དང་བསད།། དབྱེ་དང་བསྐྲད་དང་ཕམ་རྒྱལ
131b4 ཅི། ། གཏེར་དང་མིག་རྣོན་རྐང་མགྱོགས་དང་།། རིག་འཛིན་གོ་འཕང་ཇི་ལྟར་སྒྲུབ།། རྒྱལ་བ་མཆོག་གིས་བཤད་དུ་གསོལ།། འདི་སྒྲུབ་པའི་དྲི་བ་དྲིས་པའོ།། ཕྲིན་ལས་རིམ་པ་གང་ཅི་ཞིག། གང་གིས་གང་དུ་བརྣམ་པར་བྱ།། ཐབ་དང
131b5 རྫས་དང་ཕུར་བུ་ཅི། ། ཏིང་འཛིན་འདུག་སྟངས་དན་ཁུར་ཅི།། གདུལ་བྱ་རིམ་པ་གང་ཅི་ཞིག། ཁྱད་པར་རིམ་པ་ཇི་ལྟར་བཤད།། འབྲས་བུ་ཡོན་ཏན་ཇི་ལྟ་འགྱུར།། གསུངས་ཤིག་གསུངས་ཤིག་རྒྱལ་མཆོག་གཙོ།། ཐེ་ཙོམ་ལེགས
131b6 པར་ཆོད་པར་མཛོད། ། འདི་ནི་ཕྲིན་ལས་ཀྱི་དྲི་བ་དྲིས་པའོ།། སྨད་འབྱུང་སྐྱེས་བུ་གང་ཞིག་གིས།། དང་པོ་ལམ་ཚུལ་ཇི་ལྟ་བུ།། ཕྱི་ནང་གསང་བའི་ལམ་ཅི་ཕྱིར།། སྟོང་པའི་རྣལ་འབྱོར་སྙིང་རྗེ་ཆེ།། ཕྱག་རྒྱ་ཅིག་དང་སྤྲོས་བཅས
131b7 ཅི། ། རྣམ་སྨིན་དབང་སྒྱུར་ཕྱག་རྒྱ་དང་།། ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅི།། མཐར་ཕྱིན་རྣམ་པ་དུ་ཞིག་གསུངས།། ཕྱི་ནང་གསང་བ་མཐར་ཕྱིན་པའི།། འབྲས་བུ་བདག་གཞན་དོན་ཉིད་ཅི།། ཉི་ཤུ་རྩ་ལྔའི་དོན་ཇི་ལྟར།། གང
131b8 ངག་རྟོགས་པའི་རྒྱལ་པོ་སྟེ། ། སྒྱུ་འཕྲུལ་དྲ་བ་བླ་ན་མེད།། ཀུན་ལམ་འབྲས་བུ་ཐུགས་ཆུད་པ།། ཆོ་ག་རྒྱས་པར་བཤད་པའི་རྒྱུད།། སྐལ་ངན་རྣམས་ཀྱིས་མ་རྟོགས་པའི།། གསང་བ་གསང་ཆེན་མདོ་སྡེ་དང་།། འདུལ་བ་ཆོས
iiif viewer powered by OpenSeadragon
131a - 132a