e-texts navigator
Collection
Volume
Page
Wylie

98a1 ཀྱང་ཡེ་ཇི་བཞིན་པ་དང་། རྗེད་དག་པའི་སངས་རྒྱས་སུ་རྣམ་པར་སྣང་ངོ་།། དེ་བས་ན་རྡོ་རྗེ་སེམས་དཔའི་ངེས་པ་དེ་ཐམས་ཅད་ཀྱི་ཇི་བཞིན་པའི་དེ་འོན་ཉིད་ལ་གཞག་པར་བྱའོ།། ཡང་ལང་ཀའི་བདག་པོས་དྲིས་པ།
98a2 གསང་བའི་བདག་པོ་སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ་གང་ལགས། གང་ཞིག་མཐོང་རདེ་མཐོང་བ་ལགས། དེ་སྐད་ཅེས་དྲིས་པ་ལས། གས་བབའ་བདག་པོས་སྨྲས་པ། ལང་ཀའི་བདག་པོ་སེམས་ཅན་ཀུན་གྱི་ཛིས་པ
98a3 དེ་མཐོང་ན་མཐོང་བ་ཡིན་ནོ། ། སེམས་ཅན་ཀུན་གྱི་ཇི་ལྟ་བ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ནོ།། དེ་ལ་ནི་ངོས་རྡུལ་ཙམ་ཡང་མི་དམིགས་སོ།། དོན་ནམ་མཁའི་མཚན་ཉིད་དེ། དེ་ལ་ནི་བྱང་ཆུབ་པ་ཡང་མེད་ལ་བྱང་ཆུབ་པར་བྱ་བའང་མེད
98a4 དོ། ། དེ་ལ་ནི་སེམས་ཅན་ཡང་མེད་ལ་སེམས་ཅན་དུ་གདགས་པ་ཡང་མེད་དོ།། ཆོས་ཅན་ཡང་མེད་ལ་ཆོས་ཅན་དུ་གདགས་པ་ཡང་མེད་དོ།། དེ་ཅི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་མངོན་ཉིད་ཡིན་ལ་བྱང་ཆུབ་ནི་ནམ་མཁའི།
98a5 མཚན་ཉིད་དེ། ནམ་མཁའི་རི་མཚན་ཉིད་ཐམས་ཅད་དང་བྲལ་བའོ།། དེའི་ཕྱིར་བྱང་ཆུབ་ནི་སེམས་ལས་བཙལ་བར་བྱའོ།། སེབས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད།། གཉི་གར་ཡང
98a6 མི་དམིགས་སོ། ། སེམས་དེ་ནི་སངས་རྒྱས་ཀྱིས་ཀྱངས་གཟིགས་མི་གཟིགས། གཟིགས་པར་མི་འགྱུར་རོ།། དེ་ཇི་ལྟར་མ་གཟིགས་ན་ཁ་དོག་རྣམ་གཟིགས་སོ།། བས་སུམ་གཟིགས་སོ།། མུན་པར་མ་གཟིགས་སོ།། སྡང་བར་མ
98a7 གཟིགས་སོ། ། ཕོ་མོར་ས་གཟིགས་སོ།། མནིང་དུ་མ་བཟེགས་སོ།། ཁམས་གསུམ་གྱི་རང་བཞིན་དུ་མ་གཟིགས་སོ།། ལྷའི་སེམས་སུམ་གཟིགས་སོ།། ཀྭའི་སེམས་སུ་མ་གཟིགས་སོ།། དེ་བཞིན། བཞེད་སྦྱིད་ཀྱི་སེམས་དང
98a8 དྲི་ཟའི་སེམས་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟེ་འཕྱེ་ཆེན་པོ་དང་། མེ་དང་མི་ས་ཡིན་པ་དང་།། ཁོལ་སོང་དང་ཡི་དགས་དང་། དམྱལ་བ་ལ་སོགས་པ་འགྲོ་བ་རིས་ཐ་དད་པའི་སེམས་སུ་མ་གཟིགས་དསོ།། ཆོ




iiif viewer powered by OpenSeadragon

97b - 98b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo