e-texts navigator
Collection
Volume
Page
Wylie

96a1 ལ་སོགས་པ་ལྟ་བུའོ། ། ཡང་དྲིས་པ་གསང་བ་པའི་བདག་པོ་ལ་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བགྱི། སྦས་པ་ལ་དཀའ་བདག་པོ་དེ་ཁོ་ན་ཉིང་རྡོ་བ་ཞན་པད་ད་ཐམས་ཅད་ན་ཐམས་ཅད་དུ་གཉེན་པོ་མེད་པ། པོ་འགྱུར
96a2 ལེ་ག། པ་འགག་མེད་པ། ཁོར་ཉིད་སེཔས་རང་རིག་པ་དགོངས་པ་ངེས་པར་འབྲལ་བ་འིས་པོ་ཐལ་བ་རོགས་འབྱུང་བའདངོས་པོ་བད་པ་ཉིད་དུ་བཅོམ་པ་འབྱོར་རྡོ་རྗེ་སེམས་དཔའ་བས་བྱའོ།། ལང་ཀའི་བདག་པོ་དེ་ལ་རི་བླན་མེད་པའི
96a3 བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། ། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཅེས་ཀྱང་བྱའོ།། སེམས་ཀྱི་སྟོང་པ་ཉིད་ཅེས་ཀྱང་བྱའོ།། བཐའ་ལས་འདས་པ་ཞེས་ཀྱང་བྱའོ།། བུ་མར་མི་དམིགས་པ་ཞེས་ཀྱང་བྱའོ།། སངས་རྒྱས་ཀུན་གྱི
96a4 གཞིནས་ཀྱ་བྱའོ། ། ལ་པ་ཀུན་གྱི་འབྱུང་གནས་ནས་ཀྱང་བྱའོ།། སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ནས་ཀྱང་བྱའོ།། ཞང་བམས་ཀུན་གྱི་བློན་མ་ཞེས་ཀྱང་བྱའོ།། གས་རྗེ་ཐབས་ཀྱི་འབྱུང་གནས་ཞེས་ཀྱང་བྱའོ།། ས
96a5 ཐམས་ཅད་ཀྱི་གཟུགས་པདན་སྣང་བ་ཞེས་ཀྱང་བྱའོ། ། ལང་ཀའ་བདག་པོ་དེ་དག་ཀྱང་གང་གི་དོན་ང་ད་ལྟར་བཏགས་ཀྱི་དེ་ཁོ་ན་ཉིད་ལ་ནི་མི་དདུ་བཏགས་པ་མད་པ་སྟེ། དེ་དག་ནི་བླ་དགས་ཉིད་དུ་རིག་པར་བྱའོ།། ལང་ཀའི་བདག་པོ་དའི
96a6 ཕྱིར་ན་སངས་རྒྱས་ནི་བླ་དགས་སོ། ། ཆོས་ཀྱང་བླ་དགས་སོ།། བྱང་ཆུབ་ཀྱང་བླ་དགས་སོ།། དེ་བཞིན་དུ་དབྱིངས་དང་ཡེ་ཤེས་དང་ཆོས་ཀྱི་སྐུ་དང་། སྐུ་ཐ་དད་པ་དང་། སེམས་ཅན་དང་། འཇིག་རྟེན་ལ་སོགས་པ་ཐམས་ཅད་དུ་བཏགས་ཤིང
96a7 ཆགས་པ་ཇི་སྙེད་པ་དག་བླ་དགས་འབའ་ཞིག་ཏུ་རིག་པར་བྱའོ། ། ལ་དཀའ་བདག་པོ་བླ་དགས་གང་ཡིན་པ་ནི་བློ་བར་དུ་བཏགས་པ་སྟེ། ཡེནས་ལྡན་པ་ནི་མ་ཡིན་ནོ།། ལང་ཀའི་བདག་པོ་གལ་ཏེ་ཡེ་ནས་ལྡན་པ་ཞིག་ཡིན་ནན།།
96a8 གང་བློ་བུར་བ་ཐམས་ཅད་མི་འབྱུང་བར་འགྱུར་རོ།། ལང་ཀའི་བདག་པོ་གློ་བུར་ནི་སྤྲིན་བཞིན་ཏེ་ཐེར་ཟུག་པ་མ་ཡིན། ཡེ་ནས་ལྡན་པ་མ་ཡིན། བརྟག་བཟོད་པ་མ་ཡིན་ནོ།། ལང་ཀའི་བདག་པོ་དེའི་ཕྱིར་མིང་དང་། བརྡའ་དང་ཐ་སྙད་དང་མཚན་མ




iiif viewer powered by OpenSeadragon

95b - 96b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo