e-texts navigator
Collection
Volume
Page
Wylie

85a1 ཀྱིས་མཆོད་པར་བྱའོ། ། ཐབས་ཀྱིས་ཟིན་པར་བྱའོ།། བསམ་པ་དག་པར་བྱའོ།། རྗོད་པ་དྲང་པོར་བྱའོ།། པྱོད་པ་ལེགས་པར་བྱའོ།། དོན་བཙལ་བར་བྱའོ།། དགོས་ཆེད་བརྟག་པར་བྱའོ།། ངེས་པ་རྙེད་པར་བྱའོ།། བདེན་པར་སཱ
85a2 བར་བྱའོ། ། ཚིག་མི་འགྱུར་བར་བྱའོ།། ཇི་སྐད་སྨྲས་པ་བཞིན་དུ་བྱའོ།། སྒོ་གསུམ་ལ་མཁས་པར་བྱའོ།། སྔགས་གསུམ་ལ་བསླབ་པར་བྱའོ།། གྲོང་ཁྱེར་གསུམ་པ་ཤིག་པར་བྱའོ་ཞེས་བཀའ་སྩལ་བས་དྲ་བ་གཉིས་པའི་ཡོངས་སུ
85a3 རྟོག་པ་ཅད་དོ། ། དེ་ནས་ཡང་སྟོན་པས་དྲི་བ་གསུམ་པ་བཀའ་བསྐུལ་པ། རིག་པ་འཛིན་པ་འདི་ལྟ་སྟེ། ང་ཡིས་སྒྲོན་མ་གང་བཞག་པ། སྣོད་གསུམ་དག་ཏུ་སྣང་བ་སྟེ།། ཞི་གནས་ལྷག་མཐོད་ལས་མཐའ་གསུམ།། དང་པོར་ཤེས་པའི
85a4 རྐང་གསུམ་ལ། ། དེ་ནས་ཡི་གེའི་རོག་པ་ཉིད་ལའོ།། ཆེ་རྐང་རིམ་པའི་བློ་ཡོད་ཕྱིར།། ཐེག་པའི་རིམ་པ་དེ་བཞིན་ཏེ། བསྡུ་བ་འདི་ཆེ་ཆུང་གཉིས་ཀྱིས་སོ།། རྣམ་པ་གཉིས་ཀྱི་ཁྱད་པར་ལས།། འཇུག་པའི་ཡུལ་ཡང་དེ་ཁོ་ནའོ།། གང་ལ
85a5 མོས་པ་དེ་ཉིད་དུའོ། ། ཞེས་བཀའ་སྩལ་པས་དྲི་བ་གསུམ་པའི་ཡོངས་སུ་རྟོག་པ་ཆད་དོ།། དེ་ནས་ཡང་སྟོན་པས་གྲིབ་བཞི་པ་དང་། ལྔ་པ་ཚིག་ལེའུ་གཅིག་པ་བཀའ་སྩལ་པ།། གཞན་ཡང་དྲི་བ་ཐ་མ་གཉིས།། གཅིག་གིས་ཡོངས་སུ་མཆོད་པར།
85a6 བྱས།། ཆོས་ཀྱི་སྔར་དབྱས་པ་ཡིས།། རིག་པ་འཛིན་པ་ཁྱོད་ཉོན་ཅིག། སྨོན་མ་བྱེད་པའི་བྱ་བ་ཡང་།། སྔོན་དུ་བྱུང་བའི་ལུང་བསྟན་པའི།། འགྲོ་བའི་ལུས་ཀྱི་སེམས་དཔའ་དག། བྱུད་ནས་གསལ་བྱེད་ལོག་སུན་འབྱིར།། དེ་སྐད་ཅེས་པ།
85a7 བྲལ་པས་དྲི་བ་བཞི་པ་དང་ལྔ་པའི་ཡོངས་སུ་རྟོག་པ་ཆད་དེ་ཡོངས་སུ་མྱ་ངན་ལས་འདས་པར་ཐར་ཏོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གདམས་དག་ངེས་པར་བཞག་པའི་ལེལ་སྟེ་གཉིས་པའོ།། །
85a8 དེའི་རོ་དེའི་དུས་ན་གང་དག་མི་ཆེན་པོ་རྣམས་ནི་ཡོངས་སུ་གདུང་བ་མེད་པར་ནང་དུ་ཡང་དག་འཛེག་གོ། བྱིས་པ་རྣམས་ནི་ཡོངས་སུ་གདུང་པར་གྱུར་ཏེ་བློ་ཡ་ཡ་པོར་གྱུར་ཅིང་ཤིན་དུ་ཐོང་ནས་རྟག་པར་རབ་ཏུ་ངའོ།། འཛག་རྟེན་པ་ལ་ལ་ནི་ཤི་ལ




iiif viewer powered by OpenSeadragon

84b - 85b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo