| | e-texts navigator
|
84a1 ཡ་ཨངས་པ་ཅན་ཞེས་བྱ་བར་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པར་དབྱར་གྱི་ངོ་བོ་གསུམ་འདས་ན་འཇིག་རྟེན་གྱི་སློབ་མ་ལ་གདམས་ངག་གསུམ་བཞག་པའི་སླད་དུ་འཁོར་འདུས་པ་རྣམས་ཀྱི་ནངན་རྫུ་འཕྲུལ་ཆེར་སྤྱོད
84a2 ལ་བཀའ་སྩལ་པ། རྫུ་འཕྲུལ་ཅན་ཁྱེད་དེང་ལ་འཇིག་རྗེར་དྲུག་གི་ཕྱོགས་བཅུ་ན་ངའི་སློབ་མ་གང་དག་འཁོད་པ་འདི་བར་ཕྱོགས་པ་དག་གང་ཇི་སྙེད་པ་རྣ་བསྡུས་ཤིག། ངེས་པར་བཞག་པར་བྱ་བ་དག་ཡོད་པའི་གསུངས་པ་དང་རྫུ་འཕྲུལ
84a3 ཅན་དེས་ཆོས་ཀྱི་སྐད་ཅིག་གིས་ག་བར་བསྒྲགས་ནས། ། ཐམས་ཅད་སྡུས་པ་ནི་འདི་ལྟ་སྟེ། རྒྱལ་བའི་ཞིང་འགྱུར་རིས་དྲུག་གང་སུ་དག། འདི་བར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག། དེང་འདིར་རྒྱལ་བ་བདུད་རྩི་གསུམ་འཇོག་གིས་དུག
84a4 གསུམ་འཇོམས་པར་འདོད་པ་ཀུན་འདུས་ཅིག། དེ་སྐད་ཅེས་བསྒྲགས་པས། དམ་པའི་རིགས་ཅན་ལྡམ་མ་བགས་འདི་ལྟ་སྟེ། སྔགས་ཀྱི་བསམ་གཏན་ཆེན་པོའི་ནང་དུ་ཡང་དག་འཛེ་པ་བསྐུལ་བ་ཆེན་པོ་ལང་ཀའི་མངའ་བདག་བློ་གྲོས
84a5 ཐབས་ལྡན་ལ་སོགས་པ་ལས་གཞན་ཐམས་ཅད་འདུས་པར་གྱུར་ཏོ། ། དེ་ནས་འདུས་པ་དེ་དག་ལ་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག། ཆོས་ཐམས་ཅད་ནི་མི་རྟག་པའོ།། འབྱོར་པ་ཐམས་ཅད་ནི་མཐར་རྒུད
84a6 བའོ། ། དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ།། གང་ཟག་གི་སྲོག་གི་དབང་པོ་ལ་སྐྱེ་ཤི་ཡོད་པའི་ཕྱིར་ད་ཡོངས་སུ་མྱ་ངན་ལས་འདའ་བས་བུ་དག་ཐེ་རོམ་ནོད་པ་རྣམས་དྲི་བ་གྱིས་ཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་། 2
84a7 དེར་འདུས་པར་གྱུར་པའི་རིག་འཛིན་གྱི་རྒྱལ་པོ་ཀུན་ཛ་ར་ཞེས་བྱ་བ་དེ་རང་གི་སྟན་ལས་ལངས་ཏེ། སེང་གེའི་ལྷ་སྟངས་ཀྱིས་སྟོན་པའི་ཞལ་དུ་ལྟས་ནས་འདི་སྐད་ཅེས་གསོལ་ཏོ།། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ།། འདང་དད་མི་འང
84a8 ཡོད་མི་མངའ། ། འཇིག་རྟེན་པ་ལ་མཐུན་འཇུག་ཏུ།། འདའ་བས་ཡོངས་སུ་འདུལ་བར་དགོངས།། ཁྱོད་ནི་འཇིག་རྟེན་སྒྲོན་མར་ཤར།། ལྷ་མའི་འཇིག་རྟེན་ཐམས་ཅད་ཀྱི།། མུན་པའི་དཀྱིལ་འཁོར་ཀུན་བསལ་ནས།། སེམས
iiif viewer powered by OpenSeadragon
83b - 84b