| | e-texts navigator
|
82b1 ཏེ། ཡོངས་སུ་འདས་ནས་ཀྱང་མ་ནོར་བར་བཏགས་པའི་སྒོ་ནས་དེ་རྣམ་པར་འགྲོ་བར་བྱེད་དོ།། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བྱང་ཆུབ་ཀྱི་སྙིང་པོ་ཅན་ཞེས་བྱ་བ་སེམས་མ་ཚོགས་ཀྱིས་རྒྱན་པ་ན་ཆོས་ཀྱིས
82b2 མཐོ་བ་ཞེས་བྱ་བའི་རི་བོ་ལ་སེཾས་བུ་ཆེན་པོ་རྡོ་རྗེ་འཛིན་པ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། སེམ་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་ཀྱི་ངོ་བ་དེ་ཉིད་རང་གི་སྟོན་པ་ལ་ཉིན་ཅིག
82b3 རང་གི་ཉེན་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས་ཀྱང་དེ་ཁོ་ན་ཉིད་དུ་ངེས་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ།། སངས་རྒྱས་ཐུབ་པའི་དབང་པོའི་ཞིང་ཁམས་མོས་པ་ཅན་མ་མཇེད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ
82b4 ཞེས་བྱ་བ་རྡོ་རྗེ་བདན་གྱིས་རྣམ་པར་བརྒྱན་པ། གནོད་སྦྱིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན་མས་པ་ཆེན་པོ་གསང་བ་པའི་བདག་པོ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡ་གནོད་སྦྱིན་གྱི་རིགས་ཅན་མ
82b5 པོའི་འཁོར་དང་བཅས་ཏེ། སེམས་ཀྱི་རང་བཞིན་འོད་གསོལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རངགི་སྟོན་པ་ལ་ཉན་ཅིང་བངག་ཉེ་འཁོར་ལ་དེ་བཞིན་སྟོན་ཏོ།། དེ་བཞིན་དུ་སངས་རྒྱས་པསམ་གྱིས་མི་ཁྱབ་པའི་ཞིང་ཁམས
82b6 དཔག་ཏུ་མེད་པ་ན་གྲངས་མེད་པའི་སྐྱེས་བུ་ཆེན་པོ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲགས་ཡ་བརྗོད་ཀྱིས་མི་ལང་བའི་འཁོར་དང་བཅས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་ཀྱི་ངོ
82b7 མཐའ་ཡས་པ་ཉིད་དང་རང་གི་སྟོན་པ་དག་ལ་ཉན་ཅིང་རང་རང་གི་ཉེ་འཁོར་དག་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས་ཀྱང་ངེས་པར་གཏག་པའི་སྒོ་ནས་དེ་རྣམ་པར་འགྲོ་བར་བྱེད་དོ།། དེ་བཞིན་དུ་ཆོས་ཀྱི་སྐུའི
82b8 ཞིང་ཁམས་སྙིང་པོ་བྱང་ཆུབ་ཞེས་བྱ་བ་ན་རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་རྒྱས་ཆོས་སྐྱེས་སུམས་པ་ཡིས་མི་ཁྱབ་པའི་ལཁོ་དང་བཅས་ཏེ། སེམས་ཀྱི་རང་བཞིན་ཡི་ནས་སངས་རྒྱས་པར་གྱུར་པ་གསང་སྔགས་ཀྱི་ངོ་བོ་དེ་ཉིད
iiif viewer powered by OpenSeadragon
82a - 83a