e-texts navigator
Collection
Volume
Page
Wylie

82a1 སྭ་སྟེ། སངས་རྒྱས་མི་སྤྱོད་པའི་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་རྡོ་རྗེའི་འོད་ཟེར་གྱིས་རྣམ་པར་བརྒྱད་པན་རྡོ་རྗེ་ཕུང་པོའི་རི་བོ་ལ་སྐྱེས་བུ་ཅན་པོ་སེམས་དཔའ་རྡོ་རྗེ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱབ
82a2 གྲགས་ཡའི་འཁོར་དང་བཅས་ཏེ། ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གིཉེན་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ཀྱང་དེ་བཞིན་ཉིད་དུ་བསང་བའི་སྒོནས
82a3 དེ་རྣམ་པར་བགྲོ་བར་བྱེད་དོ། ། སངས་རྒྱས་རིན་ཆེན་འབྱུང་བའི་ནི་ཁབས་དཔལ་དང་ལྡན་པ་ཞེས་བྱ་བ་ནི་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པར། བཻ་དཱུ་རྱའི་འོད་མཐབ་ཞེས་བྱ་བའི་རི་བི་ལ་སྐྱེས་བུ་ཆེན་པོ་རྡོ་རྗེ་ན་ཆེན་ཞེས་བྱ་བར
82a4 བྱང་ཆུབ་སེམས་དཔའ་བྱེ་བ་ཕྲགས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེན་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས་ཀྱང་ཇི
82a5 བཞིན་པར་བསྙད་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ། ། སངས་རྒྱས་འོད་དཔག་མེད་ཀྱི་ནིང་ཁམས་པད་མ་ཅན་ཞེས་བྱ་བ་བདེ་པོ་མ་ཛེས་པར་བཀོད་པ་ན།། པད་མོའི་ཕུང་པོའི་རི་བོ་ལ་སྐྱེས་བུ་ཆེན་པོ་ཆོས་ཀྱི་སྤྲིན་ཞེས་བྱ་བར
82a6 བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས་ཀྱང
82a7 ཇི་ལྟ་བར་བསྙར་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ། ། སངས་རྒྱས་གདོན་པོ་ཟ་བར་གྲུབ་པའི་ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བ་ཨིན་དྲ་ནཱི་ལའི་དྲ་བས་བརྒྱན་པ་ན་རིན་པོ་ཆེ་སྣ་ཚོགས་བཀོད་པའི་སྒོ་ཞེས་བྱ་བའི་རི་བོ་ལ་ས
82a8 བུ་ཆེན་པོ་རྡོ་རྗེ་ལས་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བཀསང་སྔགས་ཀྱི་དེ་བོ་དེ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེན་འཁོར་ལ་དེ་བཞིན




iiif viewer powered by OpenSeadragon

81b - 82b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo