e-texts navigator
Collection
Volume
Page
Wylie

80b1 ཐེག་པ་ནུབ། ། དེ་བས་རིགས་ངན་གང་ཟག་སྤང་པར་བྱ།། འཇིག་རྟེན་ཞན་པ་བྲལ་ཞིང་རྒྱུད་རྟག་བྱིར།། ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ།། ནུས་དང་མི་ནུས་ཁྱད་པར་བརྟགས་ལྡན་ནས།། སྙིང་པོ་དོན་བསྟན་ཀུར
80b2 རྒྱལ་པོ་བྱིན་ཞེས་གསུངས་སོ། ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྟན་ལ་གང་ལ་བཞག་པའི་ལེའུ་ཀྵེ་བརྒྱད།། ཅུ་རྩ་གསུམ་པའོ།། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱབ་པོ་ལ་སེ་པས་དཔའ་རྡོ་རྗེམ་ལ
80b3 པར་མདངས་གྱུ་སྟ་མདུན་ནས་ཞེས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒལ་པོ་ལགས།། ཉིད་ཀྱི་ཐུགས་ཅིག་རང་འབྱུང་ཡེ་ཤེས་ལས།། བསྐལ་ལྡན་དམ་གཅིག་གྲོལ་བར་མཛད་པའི་མདོ།། མཚན་གྱི་ཁྱད་པར་བདག་ལ་བཤད
80b4 གསོལ་ཞེས་ནུས་སོ། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཚན་གྱི་རྣམ་གྲངས་རྣམ་པར་ཕྱེ་བ་འདི་གསུངས་སོ།། ཀྱེ་སྟོན་པའི་སྟོན་པའི་ཀུན་བྱེད་རྒྱལ་པོ་ཡབ།། མཚན་གྱི་ཁྱད་པར་ཆེ་སྟེ་བཤད་པ་ནི།། ཇི་ལྟར་སྣང་བའི
80b5 ཆོ་རྣམས་ཐམས་ཅད་ཀུན། ། ར་ལུས་ཀུན་བྱས་བྱེད་ཅིང་བྱད་འགྱུར།། ད་ལ་བྱ་མེ་དགས་ཏེ་ལྡན་གྲུབ་པས།། ཀུན་བྱང་རྒྱལ་པོ་ཞེས་སུ་བསྟན་པ་ཡིན།། ཀྱེ་སྙིང་པོར་ལ་དྲི་མ་མེད་པ་དང་།། མ་བཙལ་ལྷུན་གྱིས་གྲུབ་པའི་དོན་ལྡན་པས།
80b6 འདི་ལ་སྐལ་ཞིང་རྩུབ་པ་མི་མདའ་སྟེ།། བྱང་ཆུབ་སེམས་ཞེས་ངེས་པར་བསྟན་པ་ཡིན།། ཀྱེ་མ་གདོད་ནས་གྲུབ་པའི་ཆོས་ཉིད་ལ།། རྒྱུ་དང་རྐྱེན་མེད་བཙལ་མེད་གིང་པོ་འདི།། བསྒྲིབས་ཀུན་ལ་ཕྱོགས་རིས་མེད་བསལ་བས།། རང་འགྱུར
80b7 ཡེ་ཤེས་ཞེས་སུ་བསྟན་པ་ཡིན། ། ཀྱེ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། བ་བཅོས་རྔ་བཞིན་དང་ལ་ཀུན་སྣང་བས།། སོགས་རིས་གཉིས་སུ་ཆད་པའི་དོད་མེད་དེ།། བཀའ་ཡི་འབྲེལ་པ་ཆོས་ཀྱི་མེ་ལོང་ཡིན།། ཀྱེ་ཇི་བཞིནམ
80b8 བཅོས་སྙིང་པོ་རྣལ་མ་ལ། ། འཁོར་དང་མྱ་ངན་འདས་པ་འབྱུང་བསྡུད་པ།། བླང་དེར་འཛིན་ཆགས་བརྒྱ་ལས་རྣམ་གྲོལ་ཏེ།། སྙིང་པོ་དོན་གྱི་ཐེག་པ་བསྟན་པ་ཡིན།། བྱ་འདས་དང་མ་བྱོན་ད་ལྟར་རྒྱལ་བ་ལ།། སྐྱེ་མེད་འདི་ལས་མ་གཟིགས།




iiif viewer powered by OpenSeadragon

80a - 81a

Texts on this page

Q451b - chos thams cad rdzogs pa chen po byang chub kyi sems kun byed rgyal po