| | e-texts navigator
|
78b1 ལུང་བཅུ་བསྟན་པ་ནི།། ཉི་ཤུ་གཉིས་དང་སུམ་ཅུ་པ་དག་དང་།། ཉི་ཤུ་བཞི་ང་ཉེར་བརྐྱང་ཉི་ཤུ་བདུན།། སུམ་ཅུ་གཅིག་དང་ཉེ་རགསུམ་ཉི་ཤུ་དྲུག། དེ་བཞི་ལྔ་བཅུ་དྲུག་པས་བསྟན་པ་ཡིད།། བབྱས་རང་བཞིན་རྫོགས་པ
78b2 བརྟན་པའི་ཕྱིར། ། བཞི་བཅུ་གསུམ་པས་དེ་མི་དགོས་པས་བསྟན།། ཀྱཻ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། བསྟན་ལ་འབེབས་པའི་ལུང་བཅུ་བསྟན་པ་ནི།། ནི་བརྒྱད་པ་དང་སུམ་ཅུ་དབུ་བ་དང་།། བའི་བཅཝ་ལྔ་དང་ས
78b3 བདུན་འ་དྲུག་པ། ། དེ་བདུན་པ་དང་ཞེ་དགུང་གཅིག་པ།། ལྔ་བཅུ་པ་དང་ལྔ་བཅུ་གསུམ་པས་རྫོགས།། གཏན་ལ་ཕེབས་ན་མ་བཅོས་བཅོས་མེད་པས།། བཞི་བཅུ་གཉིས་པས་དགོས་པ་བསྟན་པ་ཡིན།། ལྔ་བཅུ་བའི་པས་རྩ་བའི
78b4 བཞི་བསྟན་ནས། ། ལྔ་བཅུ་བདུན་པས་གཏད་ཅིང་གདམས་པ་སྟེ།། རྩ་བའི་རྒྱུད་དེ་ཐོས་པ་གཅེས་པ་ཡིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། བསམ་པས་སྟན་ལ་ཕབ་སྟེ་བསྟན་པ་ནི།། རྩ་བའི་རྒྱུད་དུ་གསུངས
78b5 བའི་དོན་རྣམས་ཀྱང་། ། རྫོགས་པའི་རང་བཞིན་བཅུ་རུ་བསྟན་པའི་ཕྱིར།། རྟོགས་པའི་མདོ་ལུང་བཅུ་རུ་བསྟན་པ་ཡིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། བསྒོམས་པས་ངེས་པར་འབྱིན་པར་བཤད་པ་ནི།། རང་བཞིན
78b6 བཅུ་རུ་དགོངས་པས་བཤད་པ་ཡང་། ། སྐྱེ་བ་མེད་པའི་དོན་དུ་བསྡུས་ཏེ་བསྟན།། སྐྱེ་མེད་རྟོགས་པའི་དོན་ལས་མ་ཡེངས་པས།། བསྒོམ་པའི་མདོ་ལུང་བཅུ་དུ་སྔས་ཏེ་བསྟན།། འདི་ལས་འཕྲོས་ཤིང་ཐམས་ཅད་འདིར་འདུས་པ།།
78b7 ཀུན་གྱི་རྩ་བདོན་གྱི་འགྲེལ་བའི་ལུང་།། ཀུན་བྱེད་ང་ཡི་སྲས་སུ་གྱུར་པ་ལ།། མང་གིས་དོན་མཚོན་སྒྲ་མེད་རྟོགས་ཕྱིར་བསྟན།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས།། ཐེག་པའི་རྩ་བ་བྱང་ཆུབ་སེམས་ཀྱི་ལུང་།
78b8 ཀུན་བྱེད་རྒྱལ་པོས་བསྡུས་པའི་རྩ་བ་འདི།། སེམས་དཔའ་རྡོ་རྗེ་ལེགས་པར་རྟོགས་འགྱུར་མཁལ་བའི་རྒྱལ་བ་ཀུན་བྱེད་རྒྱལ་པོར་འགྱུར།། དེ་ཕྱིར་ཀུན་བྱེད་ང་ཡི་འཁོར་རྣམས་ལ།། སེམས་དཔའ་རྡོ་རྗེས་དོན་འདི་ལུང
iiif viewer powered by OpenSeadragon
78a - 79a