| | e-texts navigator
|
78a1 པ་ཡིས། ། རྒྱུད་ན་རྩེ་བའི་རྒྱུང་དང་ཕྱི་མ་དང་།། བྷི་མའི་ཕྱི་མས་དོན་རྫོགས་བསྟན་པ་ཡིན།། ཀྱེ་རྩ་བ་ཐོས་པའི་རང་བཞིན་བསྟན་པ་ནི།། དེ་ཡི་རང་བཞིན་ལྔ་བཅུ་རྩ་བདུན་གྱིས།། དངོས་པོའི་དོན་ཀུན་གཏན་ལ་བ
78a2 སེམས་དཔའ་རྡོ་རྗེས་ལེགས་པར་ནན་ཏན་གྱིས། ། ཀྱེ་ཡི་རང་བཞིན་ལྔ་བཅུ་རྩ་བདུན་ནི།། མངོན་དུ་ཕྱུང་བའི་མདོ་ལུང་བཅུ་པོ་དང་།། ངེས་པར་བསྟན་པའི་མདོ་ལུང་བཅུ་པོ་དང་།། རྒ་འབྲས་འདས་པིའི་མདོ་ལུང་བཅུ་པོ་དང་།
78a3 བྱ་མེད་རྫོགས་པའི་མདོ་ལུང་བཅུ་པོ་དང་།། གཏན་ལ་འབེབས་པའི་མདོ་ལུང་བཅུ་དག་དང་།། དགོས་ཆེར་སོ་སོར་བསྟན་པས་ལྔ་བཅུ་ལྔ།། གཅིག་གིས་བཞི་བསྟན་གཅིག་གིས་གདམས་བསྟན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་ཎྱ
78a4 པ་ཡིས། ། མངོན་དུ་སྣང་བའི་མདོ་ལུང་བཅུ་བསྟན་པ།། དང་པོ་དང་ནི་བཅུ་དང་གཉིས་བསྟན་པ།། བཅུ་གཅིག་པ་དང་གསུམ་དང་ཉི་ཤུ་པ།། བཅཝ་ལྔ་པ་དང་ཉི་ཤུ་ལྔ་པ་དང་།། ཉི་ཤུ་རྩ་གཅིག་དྲུག་པས་རྫོགས་པ་ཡིན།། གདམས
78a5 དག་ཕོག་པས་མངོན་པར་མཐོང་བའི་ཕྱིར། ། བཅུ་དྲུག་པ་ཡིས་མངོན་པང་དགོས་པ་བསྟན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། ངེས་པར་བསྟན་པའི་མདོ་ལུང་བཅུ་བསྟན་པ།། བཞི་པ་སུམ་བཅུ་གསུམ་པ་བཅུ་གསུམ
78a6 པ། ། བཅུ་གཉིས་པ་དང་ལྔ་དང་སུམ་ཅུ་གཉིས།། སུམ་ཅུ་དྲུག་དང་སུམ་ཅུ་བཞི་པ་དང་།། ཉི་ཤུ་དགུ་དང་བཅུ་བདུན་པ་ཡིས་རྫོགས།། ངེས་པར་བསྟན་པའི་དགོས་པ་ཡིད་ཆེས་དག། ལྔ་བཅུ་རྩ་ལྔ་པ་ཡིས
78a7 བསྟན་པ་ཡིན། ། ཀྱི་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། རྒྱ་འབྲས་འདས་པའི་མདོ་ལུང་བཅུ་བསྟན་པ།། བཞི་བཅུ་གཅིག་པ་བཅུ་བཞི་སུམ་བཅུ་བརྒྱུང་།། དག་པ་དང་ནི་སོ་ལྔ་བཅུ་དགེ་པ།། བཅཝ་བརྒྱད་པ་ང
78a8 བཅུ་དང་། ། ལྔ་བཅུ་རྩ་གཉིས་པ་ཡིས་བསྟན་པ་ཡིན།། རྩཝ་འབྲས་འདས་པས་བཅོལ་སྒྲུབ་བྱ་མོ་དགོས།། འདུན་པ་ཉིད་དྲི་ངེས་པར་བསྟན་པ་ཡིག། ཀྱེ་སྟོན་པའི་སྟན་པ་ཀུན་བྱེད་རྒྱལ་པོ་ཡིས།། བྱ་མེད་རྫོགས་པར།
iiif viewer powered by OpenSeadragon
77b - 78b