e-texts navigator
Collection
Volume
Page
Wylie

77b1 གལ་པ་ལ། ། སེམས་འང་སྐྱེ་པ་མེད་པར་ཀུན་སྔ་ཞིང་།། རང་བཞིན་མེད་པའི་དོན་པ་ཀུན་རྩོད་ཀྱང་།། ཀྱེ་མེད་མངོན་སུམ་དུས་གྱིས་རྟོགས་པ་མེད།། དེ་ཕྱིར་ཀུན་བྱེད་རྒྱལ་པོའི་ལུང་འདི་ལ། ཤེས་ནས་མ་ཡེངས
77b2 དོན་ལ་གན་པ་ལས། ། བཅོལ་བས་མ་འཇུག་གཉེན་པོས་སེམས་མི་སྦྱངས།། ཡུལ་ལ་མི་འཇུག་དྲན་པའི་སེམས་མི་སྡུད།། གང་ལྟར་འབྱུང་བ་དེ་ཉིད་དོན་ཡིན་པས་ཀུན་བྱེ་ང་ཡི་དོན་ལ་འཇུག་པར་གྱིས།། ཀྱེ་སྨོན་པའི་སྔོན
77b3 པ་ཀུན་བྱེད་རྒལ་པོ་ཡིས། ། ས་བཅོས་སེམས་ཀྱི་འཁོར་ལ་ལུང་ཕོག་པ།། མ་ལུས་ཏེ། མེད་རྟོགས་པའི་རྣལ་འབྱོར་པ།། དེ་དེ་བཞིན་བཅུ་ལས་བརྩོལ་བར་མ་བྱེད་ཅིག། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། ཤེས་པས
77b4 གཟུང་འཛིན་པོ་ཤེས་སྤང་མེད་པས། ། རྟོགས་པ་དབང་རྐར་དོན་ལ་གནས་པ་ཡིས།། ཀུན་བྱེད་རྒྱལ་པོའི་དགོངས་པ་ལྡན་གྱིས་གྲུབ་ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྡན་གྲུབ་དེ་དོགས་བཅད་པའི་ལེའུ
77b5 ལྟ་བརྒྱ་མ་པའོ། ། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།། ཇི་ལྟར་སྣང་བའི་ཆོས་ཁྱོད་ཀྱིས་བྱས།། བརྟན་པའི་དམ
77b6 ས་པ་ལུག་ཁྱེད་ཀྱིས་བཀོད། ། དམ་པའི་རང་བཞིན་ཁྱོད་ཀྱིས་བསྟན་པས་ན།། ཁྱོད་ཀྱི་རང་བཞིན་རྟགས་ན་ཆོས་ཀུན་རྟོགས།། དེ་བས་ཀུན་བྱེད་པ་ཉིད་ཀྱི་རང་བཞིན་འང་།། འདས་པའི་ཆགས་ཀྱིས་གསལ་བར་མ་རིག་པས། དེ་ན
77b7 པར་གནས་པ་བཤད་དུ་གསོལ་ཞེས་ཞུས་སོ། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒལ་པོས་མདོ་ལང་རྒྱད་ལ་བསྡུ་བ་འདི་གསུངས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས།། སྟོན་པའི་སྟོན་པ་ཀུན་བྱེད་རྟུལ་པོ
77b8 འཁོར་ལ་མདོ་ལར་བསྡུས་པ་འོད་ཕོག་པ། ། ལེགས་པར་བསྟན་པའི་དོན་ལ་ནན་ཏན་གྱིས།། ཀྱང་ཡི་རང་བཞོན་སྐྱེ་མེད་དོན་གཅིག་ལ།། རྒྱུད་ཀྱི་རང་བཞིན་རྣམ་པ་གསུམ་དུ་བརྟན།། གདམས་པ་རྣམ་པ་གསུམ་གྱི་རིམ




iiif viewer powered by OpenSeadragon

77a - 78a

Texts on this page

Q451b - chos thams cad rdzogs pa chen po byang chub kyi sems kun byed rgyal po