e-texts navigator
Collection
Volume
Page
Wylie

76b1 ལེན་གང་འདོད་པ། ། དམ་པའི་སྙིང་པོའི་འདོན་དང་འགལ་བར་འགྱུར།། ཀུན་བྱེད་བྱང་ཆུབ་སེམས་ཀྱིས་ལུང་བསྟན་པ།། སྐྱེ་མེད་སྒོམས་པས་སྐྱེ་བ་སྙིང་པོར་བསལ།། མཐཁའ་ལྟར་རྟོག་སྤྱོད་འདས་ལ་གང
76b2 གདས་པས། ། སླེ་བ་དང་མེ་སྒྲིབ་བྱང་ཆུབ་སེམས་སུ་གནས།། ཀྱེ་ཀུན་བྱེད་རྒྱལ་པོས་འཁོར་ལ་ལུང་བསྟན་པ།། ཡེ་ཤེས་སྒྲིབ་མེད་བསལ་བའི་དོན་དུ་བསྟན།། རང་འབྱུང་རྒྱུ་རྐྱེན་མེད་པའི་སྙིང་པོར་གན་སོ།། རྟོགས་པས
76b3 སྒོ་སྐར་འདས་པའི་དགོངས་པ་ཡིད། ། ཀྱེ་དཕྱིར་སེམས་དཔའ་རྡོ་རྗེ་བསྒོམས་ཤིག། རང་འབྱུང་ཡེ་ཤེས་དམིགས་པ་ཀུན་ལས་འདས།། རྟོགས་པ་དམིགས་པའི་དོན་དུ་བཞོག་མི་བྱེད།། ཡུལ་ལས་འདས་པས་རྣམ་ཤེས
76b4 བསྲུང་བ་བྱེབྱད། ། དངོས་པོ་སྙིང་པོར་བསལ་བས་སྒོ་མི་བྱེད།། རྣམ་པ་སྙིང་པོར་གསལ་བས་རེ་དོགས་མེད།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། མ་བཅོས་འཁོར་གྱི་ནང་དུ་ལུང་བསྟར་པ།། མ་བཅོས་སྙིང་པོ་ཆོས་ཀུན
76b5 རྩ་བ་ལ། ། ཇི་ལྟར་སྣང་བ་བསྟན་ལ་འབེབས་པར་བྱེད།། སྙིང་པོ་རང་བཞིན་གཅིག་གི་དོར་རྟོགས་ན།། ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས།། དེས་ན་ཀུན་བྱེད་ང་ཡི་དོན་མཁས་ན།། བསམ་གྱིས་མི་ཁྱབ་ཆོས་ལ་མཁས
76b6 པར་འགྱུར། ། ཀུན་བྱེད་ང་ཡི་དོན་ལ་གོམས་འགྱུར་ན།། ཀུན་གྱི་དོན་ལ་གནས་ཤིང་གོམས་པ་ཡིན།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པ་རང་བསྒོམས་ཤིགས།། ཇི་ལྟར་སྣང་གྲགས་ཆོས་རྣམས་ཐམས་ཅད་ལ།། སྙིང་པོ་རྟོགས
76b7 གོམས་དེན་ཉིད་ཅིག་ལས་མེད། ། སྙིང་པོ་མངོན་དུ་ཕྱུང་ནས་གང་བསྟན་པ།། རང་བཞིན་སྐྱེ་བ་མེད་པའི་དོན་དུ་རྟོགས།། མ་ཡེངས་རེ་དོགས་ཆད་པས་དགོངས་པ་ཡིན།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ང་བསྒོམས་ཤིག།
76b8 ཇི་ལྟར་སྣང་བའི་ཆོས་སུ་གང་བསྟན་པ།། ཀུན་བྱེད་རྒྱལ་པོ་མཚོན་པའི་ཐབས་སུ་བསྟན།། ཐབས་དེའི་ལུང་དང་འགལ་བར་མ་བྱེད་ཅིག། ཀུན་བྱེད་ང་ཡི་སྲས་སུ་ཞུགས་རྣམས་ཀྱིས།། ཀུན་ཀྱང་སྐྱེ་མེད་དོད་དུ་རྫོགས་འགྱུར་ན།




iiif viewer powered by OpenSeadragon

76a - 77a

Texts on this page

Q451b - chos thams cad rdzogs pa chen po byang chub kyi sems kun byed rgyal po