e-texts navigator
Collection
Volume
Page
Wylie

76a1 བི་སྟོན། ། རྟོག་དང་དཔྱོད་འདས་རྟོག་དབྱར་བསཔ་མི་བྱེད།། མ་བཅོམ་རྡོ་བཞིན་པ་ལ་འཆོས་མ་བྱེད།། བྱ་བ་གང་གཏང་ཅི་སྣང་ཆོས་ཉིད་ལ།། མ་བསམས་རང་བཞིན་བཞག་པས་གྲོལ་བར་སྟོན།། ཀྱེ་སེམས
76a2 དཔའ་རྡོ་རྗེ་ཆེན་པོར་བསྒོམས་ཤིག། བླང་དོར་མེད་པའི་ཆོས་ཉིད་བྱང་ཆུབ་ལ།། མཁའ་ལྟར་གནས་པས་ལུས་པོས་བཙས་སུ་མེད།། འདུ་ཤེས་ཞེན་འཛིན་མེད་པས་བསྒོམ་དུ་མེད།། མཁའ་ལྟར་རབ་ཞི་བ་རྙེ
76a3 ཀུན་བྲལ་ལ། ། ཡུལ་ལ་མི་འཇུག་དགོངས་པའི་དམིགས་འཇུག་བྲལ།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་དསྒོམས་ཤིག། དབང་པོ་ཡུལ་ལ་མི་རྟོག་སེམས་མི་སྡུད།། གཉེན་པོ་མ་བརྟེན་ལུས་སེམས་རྒྱུད་མ་སྦྱོངས།། །
76a4 ལུས་སེམས་མ་བཅོས་སྙིང་པོའི་དོན་དུ་རྟོགས།། ཀྱེ་ཀུན་བྱེད་རྒྱལ་པོ་དེ་ཡི་སྤྱོད་པ་ནི།། མ་བཙལ་ལྷག་པར་གནས་པས་དོན་ཀུན་རྫོགས།། སྙིང་པོའི་དོན་དུ་འདུས་པས་བླང་དོར་མེད།། རེ་དོགས་རྣམ་པར་ཆད་པས་མྱ
76a5 ངན་འདས་མི་བསྒོམ། ། ཀུན་བྱེད་ང་ཡི་སྤོད་པ་གང་རྟོགས་པས།། དུས་གསུམི་སྐྱེ་མེད་དོན་དུ་མཉམ་པ་ལ།། འཇུག་དང་མི་འཇུག་ཚིག་ལས་ཤིན་དུ་འདས།། འདི་ནི་བྲང་དོར་མེད་པར་ལུང་བསྟན་ཏོ་ཞེས་གསུངས་སོ།། །
76a6 བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཉམ་པ་ལ་བླང་དོར་མེད་པར་བསྟན་པའི་ལེའུ་སྡེ་བདུན་ཅུ་བརྒྱད་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རབང་འབྱུང་སྙིང་པོའི་ངང་ལ་སྒྲིབ་པ་གསལ་དུ་མེད་བཱི
76a7 དགོངས་པ་འདི་གསུངས་སོ། ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེང་རྒལ་པོ་ཡིས།། སྙིང་པོ་སྒྲིབ་མ་དགོངས་པར་ལུང་བསྟན་པ།། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ།། ཀྱེ་མེད་ཆོས་ཀྱི་དབྱིངས་སུ་ཀུན་ཅིག
76a8 པས། ། སྐྱེ་མེད་སྙིང་པོ་ཐུགས་ཀྱི་རང་བཞིན་པ།། སྒྲུབ་པ་མི་བསྒྲིབ་ཁྱད་པར་བསྟན་པ་མེད།། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་བསྒོམས་ཤིག། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཅིག་པ་ལ།། སྒྲིབ




iiif viewer powered by OpenSeadragon

75b - 76b

Texts on this page

Q451b - chos thams cad rdzogs pa chen po byang chub kyi sems kun byed rgyal po