e-texts navigator
Collection
Volume
Page
Wylie

75b1 སྙིང་པོ་སྔགས་དང་ཕྱག་རྒྱ་ཀུན་ལས་འདས།། ཀྱེ་ཀུན་བྱེད་རྒྱལ་པོ་དེ་ཡིས་བསྟན་པའི་ས།། མ་ཡུས་འདི་ལ་རྟེན་པས་སྤོང་ལེན་མེད།། ཕྱོགས་མ་མེད་པར་ཁྱབ་པས་ཆེ་ཆུང་མེད།། ཆོས་ཀྱི་དབྱིངས་སུ་གནས་པས་རྟོག་དང་མི་རྟོག
75b2 མེད། ། དེ་ཕྱིར་དུས་གཅིག་གནས་པའི་ས་འདི་ལ།། སེམས་དཔའ་རྡོ་རྗེ་ལེགས་པར་གནས་པར་གྱིས་ཤེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་ལ་སྦྱང་མེད་པའི་ལའུ་སྟེ། བདུན་ཅུ་བདུན་པའོ།།
75b3 དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཉམ་པ་ལ་བླང་དོར་མེད་པའི་དགོངས་པ་འདི་གསུངས་སོ།། ཀྱེ་སྙན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། ཀྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ཇི་བཞིན་མ་བཅོས་གནས་ཏེ
75b4 དགོངས་པ་ལ། ། བླང་དང་དོར་བ་ཡོད་པར་ལུང་མ་བསྟན།། སྐྱེ་མེད་རང་བཞིན་སྤྲོས་བསྐུར་བྲལ་བ་སྟེ།། བླང་དང་དོར་བ་སྒྲ་གར་དན་དུ་བསྟན།། སུ་ཞིག་སྙིང་པོའི་དོན་ལ་ཞགས་པ་ཡིས།། སྒྲོ་སྐུར་འདས་པའི་སྙིང་པོའི་དོན་དུ་བསྟན
75b5 གང་ཡང་བསམ་པ་ཀུན་ལས་འདས་བྱེད་པ། ། བླང་དོར་མེད་པར་རྟོགས་པར་ལུང་བསྟན་ཏོ།། ཀྱེ་སེམས་དཔའ་རྡོ་རྗེ་སྙིང་པོ་འདོན་ལ་སྒོམ།། ང་ནི་མ་ནོར་དོན་གྱི་སྙིང་པོ་ལ།། བྲང་དེར་རྣམ་རྟོག་བཅོས་པའི་ཡུལ་མེད་དེ།། དང་།
75b6 བཞག་བདེ་བ་མཆོག་གིས་གོམས་པར་བྱེད།། ཀུན་བྱེད་རྟོགས་ན་སྙིང་པོར་ཀུན་གནས་པས།། སྙིང་པོའི་དོན་ལ་བླང་དོར་ལ་མ་བསྟན།། སེ་ཞིང་འཇིག་པའི་ཆོས་སུ་འང་ལུང་མ་བསྟན།། བཟང་ངན་གཙང་སྦྲའི་ཆོས་སུ་འང་།།
75b7 ལུང་མ་བསྟན།། རྟོག་དཔྱོད་བསམ་པའི་ཡུལ་ལས་འདས་པར་བསྟན།། ཀྱེ་སེམས་དཔའ་རྡོ་རྗེ་ངེས་པར་དསྒོབས་གག། བསྒོམ་དང་སྦམ་པར་བྱ་བའི་ཡུལ་ཉིད་ནོ།། མ་བཙས་ཀུན་བྱེད་སེམས་ཀྱི་རང་བཞིན་ལ།།
75b8 བསྒོམ་དང་མི་སྒོམ་བློ་ཡི་ཡུལ་ལས་འདས།། ཀྱེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི།། ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ།། བླང་དང་དོར་བའི་ཆོས་ཉིད་ད་མི་སྟོན།། གཅིག་ལ་གཉིས་སུ་དབྱེ་བའི་ཆོས




iiif viewer powered by OpenSeadragon

75a - 76a

Texts on this page

Q451b - chos thams cad rdzogs pa chen po byang chub kyi sems kun byed rgyal po