| | e-texts navigator
|
75a1 སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། ། བསམ་གྱིས་མི་ཁྱབ་ངེས་པའི་དུས་བསྟན་པ།། སྙིང་པོ་རྟོགས་པའི་ས་ཞེས་བཤད་པ་ཡིན།། བདེ་ཆེན་ངེས་པའི་དུས་དུག་བསྟན་པ།། དེ་གཡས་པའི་ས་ཞེས་བཤད་པ
75a2 ཡིན། ། གཞན་དག་བཅོལ་ཞིང་སྤྱོད་པ་ཁྱད་པར་དག། ཁམས་གས་པའཁོར་བའི་སྙིང་པོ་བསླབ་པའིས།། ས་ནས་བྱ་བ་གནས་པ་བྱེད་པར་ཏེ།། གང་ལ་གང་གནས་དནས་ཡིན་ནོ།། གྲགསུམ་སྟོན་པངས་ལ་གྲངས་བཟས
75a3 ཀྱང་། ། ཀུན་བྱེད་རྒྱལ་པོའི་ས་ལ་རིམ་པ་མེད།། ས་དང་ས་ཡི་རིམ་པའི་ཁྱད་པར་ཡོད།། ཅེས་པ་སྐུ་གསུམ་སྟོན་པས་འཁོར་ལ་བསྟན་པ་ཡིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། མཉམ་ཉིད་སྐྱེ་བ་མེད་པའི་རང་བཞིན
75a4 ལ། ། ཐབས་དང་སྙིང་པོས་རྟོགས་པའི་གང་ཟག་གིས།། སྒྲིབ་དང་ས་ཡི་ཁྱད་པར་མེད་པར་བསྟན།། ཀུན་བྱེད་རྒྱལ་པོ་དེ་ཡི་རང་བཞིན་ནི།། དུས་གསུམ་འབྱུང་འཇུག་པ་བྱེད་ཡིད་ལ་བྱེད་པ་མེད།། རིས་སུ་མོ་ལྟ་མཚན་མའི་ཡུལ་མི
75a5 ཚོལ། ། ཀུན་བྱེད་རྒྱལ་པོའི་དགོངས་པའི་ལུང་དུ་བསྟན།། ཀྱེ་ཀུན་བྱེད་རྒལ་པོ་ང་ཡི་དགོངས་པ་ནི།། ཚིག་དང་ཡི་གེས་མཚོན་པ་མི་བརྙེད་ཅིང་།། སྒྲ་དང་ཚད་མས་བསྟན་ལ་དབབ་དུ་མེད།། སྐྱེ་བ་མེད་པས་འགག་པ་མེད་པ་ཡིན།།
75a6 འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་མི་བྱེད།། མཚན་མ་མིན་ཞིང་དེ་ཉིད་མིན་པ་འང་མིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། སྐྱེ་བ་མེད་པའི་དེ་བར་བྱིན་རླབས་པ།། །
75a7 རྟོགས་པས་དེ་ཉིད་རང་དུ་ལྡོག་པར་འགྱུར།། ཀུན་བྱེད་རྒྱལ་ཡོང་ས་བྱིན་བརླབས་ཀྱིས།། སེམས་དཔའ་རྡོ་རྗེས་ཇི་ལྟར་རྟོགས་པ་ལྟར། ཕྱི་རབས་ཀུན་བྱེད་ལུང་ལ་དང་པ་ལ།། དངོས་པོ་སྒྲི་བ་སད་པར་བྱིན་པ་རློབས་ཤིག
75a8 སྐེམ་དུ་མེད་པའི་སྙིང་པོ་ལ། ། མ་ཡེངས་དྲན་པས་བཟུང་བ་མན་དག་ཡོན།། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་འདི་ལ།། བཤད་པས་མ་ཡིན་ཚིགས་སུ་བཅད་པས་མན།། བསྒོམ་པས་མ་ཡིན་མ་བསྒོམས་པས་ཀྱང་མིན།
iiif viewer powered by OpenSeadragon
74b - 75b