e-texts navigator
Collection
Volume
Page
Wylie

72b1 ཚོར་མེ་བ་མེད་པས་གསལ་འགྱུར་ནས། ། གང་ཡང་བྱས་པ་མེད་པར་ལས་ཀུན་གྲུབ།། བྱེད་ནི་སྟོན་པ་ཀར་བྱེད་རྒྱལ་པོ་སྟེ།། རྒྱལ་བ་ཀུན་གྱི་ཕྲིན་ལས་ངས་ཀྱིས་ཀྱང་།། རང་འབྱུང་ཡེ་ཤེས་བྱ་མེད་རྫོགས་པའི་ཕྱིར།། ཇི་བཞིན
72b2 པ་ཡི་ལས་ལ་བྱེད་པ་མྱོང་། ། མ་བཙལ་ཇི་བཞིན་ཉིད་དུ་སེམས་པ་ཞོག། ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ།། སེམས་དང་སེམས་ལས་བྱུང་བ་ཅི་སེཾས་ཀྱང་།། དེ་ཉིད་སྐྱོ་མེད་ཉིད་དུ་གནས་ཤེས་ན། བྱ་བ་རྩོལ་མ
72b3 མའི་འདུ་ཤེས་ཀུན་དང་བྲལ། ། ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག། རྟོགས་པ་རང་སར་གྲོལ་པའི་ལྦ་བ་ལ།། ཡ་ཡངས་རང་བཞིན་བཞག་པས་བྱ་བཙལ་མེད།། ཀུན་ཀྱ་རང་འབྱུང་རང་སར་གྲོལ་བ་ཡན།། ཀྱེ་སེམས
72b4 རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག། རང་ལུས་མི་བཅོས་དབང་པོ་མ་རྟུལ་ཏེ།། དག་ཀྱང་མི་གདམས་བྱ་རྩོལ་བྱར་ཡང་མེད།། སེམས་ཀྱང་གང་བཏང་མི་གཡོའི་ངང་ལ་གཞག། བྱ་བ་མེད་པའི་ཕྲིན་ལས་འདི་སྒོམས་པས།། བྱས
72b5 པ་མེད་པར་དོན་ཀུན་རྫོགས་པར་འགྱུར། ། ཀྱེ་ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ།། སྒོ་གསུམ་མི་བརྩོལ་བཅོས་ཤིང་དམིགས་མི་བྱེད།། ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲངས།། རང་འབྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག
72b6 འདི་ནི་རང་འབྱུང་འོད་གསལ་དགོངས་པ་སྟེ། ། ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་བསྒོམས་ཤིག། མ་བཅོས་ཇི་བཞིན་ཉིད་ལ་འཇུག་པ་ལ།། ཚད་མ་མི་དགོས་གཉེན་པོས
72b7 བཅོས་མི་དགེས། ། རྟོགས་པའི་དོན་ལམ་བཅོས་དེ་བཞིན་ཞོག། ཀྱེ་བྱ་བ་མེད་པའི་རང་བ་རྣ་ལས་འདི་ལ།། སྒོ་གསུམ་རྩོལ་བ་བྱས་པས་ཟིན་མི་འགྱུར།། ཀུན་བྱེད་རྒྱལ་པོའི་དགོངས་པ་ལ་གནས་པས།། ང་ཡི་དགོངས་པ
72b8 ཕྲིན་ལས་ལྷུན་གྱིས་གྲུབ་ཅེས་གསུངས་སོ། ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་བ་ས་ཇི་བཞིན་པ་ལ་བྱ་རྩོལ་དང་བྲལ་བར་གནས་པའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན




iiif viewer powered by OpenSeadragon

72a - 73a

Texts on this page

Q451b - chos thams cad rdzogs pa chen po byang chub kyi sems kun byed rgyal po