e-texts navigator
Collection
Volume
Page
Wylie

71b1 དགོངས་པ་ལ། མིང་དང་ཐ་སྙད་ཚིག་ཏུ་འདིའོ་ཞེས།། མ་བསྟན་མི་སྟོན་བསྟན་པར་མི་མཛད་དེ།། ལྟ་བ་བསྒོམ་དུ་མེད་པར་དོན་རྟོགས་ན།། བསྒོ་པ་དང་མི་བསྒོ་མངས་འཇིག་ལོག་པའི་ལམ།། དམ་པའི་དགོངས་པ་སྐྱེ་མེད་ཐུགྶ།
71b2 ཆུང་ན།། དབ་པ་དེ་ལ་ལག་དང་མ་ལོག་མད།། ཀྱེ་ཀུན་བྱང་རྒྱལ་པོར་ལས་ལུང་བག་ལྟར།། བ་བསྒོམས་བསྒོམ་དུ་མེད་པར་རྟོགས་གེམས་ནས།། བསྐུལ་ལྡན་རྣལ་འབྱོར་གང་ཟག་སུ་ཡང་རུང་།། ཀུན་བྱང་རྒྱལ་པོ་ཉིང་དུ་འང་སྩ
71b3 ཏོ། ། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་སྒོ་བ་དབྱར་མེད་པའི་ལེའུ་སྟེ་བདུན་ཅུ་གཅིག་པའོ།། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བསྲང་དུ་པད་པ་དེ་བཞིན་ཉིད་དུ་གདས་པ་འདི་དང་།
71b4 སོ།། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། རྣམ་རྟོག་མཚན་མའི་ལམ་ལ་གནས་པའི་བར།། བསྲུང་དང་མི་བསྲུང་ཁྱད་པར་གཉིས་མཐོང་བ།། རྨ་བ་ཡན་ལག་བཅས་པ་བསྲུང་བར་བསྟན།། ཀྱེ་ཀུན་བྱེད་ང་ནི་ཡེ་ནས་དེ་བཞིན་ཉིག
71b5 དེ་བཞིན་ཉིད་ལ་བཟུང་འཛིན་མེད་པའི་ཕྱིར། ། ཆོས་རྣམས་དེ་ལྟར་གང་གིས་རྟོགས་པ་ལ།། བསྲང་དང་མི་གསུང་འདུ་ཤེས་འཇུག་པ་མེད།། ཀྱེ་ནིམ་བཅོས་ཀུན་བྱེད་བྱང་ཆུབ་སེམས།། གཉེན་པོམ་རྟེན་ཡུལ་ལ་འཇུག་མི་བྱེད།།
71b6 རང་འབྱུང་ལྷན་གྲུབ་རིག་པའི་དམ་ཚིག་ལ།། འདའ་ཉམས་མེད་པས་ཆེད་དུ་བསྲུང་བ་མེད།། རང་རིག་མ་ནོར་བློ་ཡི་ཚད་མ་ཡིས།། མ་བཅོས་སྙིང་པོའི་དོན་ལ་འཇུག་པར་བྱེད།། སྐྱེ་མེད་ཐུགས་སུ་ཆོས་ཀུན་རེ་ཅིག་པས།། འཇུག་དང
71b7 བའཇུག་མཐའ་ལང་མི་གནས། ། ཀྱེ་སེམས་དཔའ་རྡོ་རྗེ་དོན་ལ་གོམས་པར་གྱིས།། དགོངས་དོན་བསང་བའི་རིབ་པ་མ་ཤར་ན།། ཚིག་དང་སྒྲ་ལ་འཛིན་པའི་གོབས་བདག། ཀུན་བྱེད་པ་ཡི་ལུང་དང་ཕྲད་མི་འགྱུར།། བསྲུང་དུ་པ་ནི
71b8 དམ་པའི་དགོངས་པ་འདི། ། ཀུན་དུ་ཡེནས་མ་བསྲུངས་གནས་པ་ལ།། ཀུན་བྱེད་ད་ཡི་དགོངས་པ་མགོམས་ན།། ཇི་ལྟར་བསྲུངས་བཚོ་ཆད་ནང་དུ་འགྱུར།། ཀུན་བྱ་དང་ཡིད་གངས་པའི་དམཚིག་ནི།། མ་ཡེངས་དྲན་པས་དངོས་པོ




iiif viewer powered by OpenSeadragon

71a - 72a

Texts on this page

Q451b - chos thams cad rdzogs pa chen po byang chub kyi sems kun byed rgyal po