e-texts navigator
Collection
Volume
Page
Wylie

69b1 རྒྱལ་པོ་ཁྱོད་ཀྱིས་བྱས། ། མ་ལུས་ཁྱོད་ཀྱིས་ཀུན་བྱས་ཀྱང་།། བྱེད་པའི་རྒྱལ་པོ་ཁྱོད་ཉིད་ལ།། བྱ་མི་དགོས་ཏེ་གདོད་ནས་སྐབ།། དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བྱས། ཁམས་གསུམ་སེམས་ཅན་ཁྱོད་ཀྱིས་བྱས།། རྒྱུད
69b2 དྲུག་ལས་ལྔ་ཁྱོད་ཀྱིས་བྱས། ། སྐྱེ་བཞི་འགྲོ་ལྔ་ཁྱོད་ཀྱིས་བྱས།། སྟོན་པ་གསུམ་ཡང་ཁྱོད་ཀྱིས་བཀོད།། བསྟན་པ་གསུམ་ཡང་ཁྱོད་ཀྱིས་བཀོད།། སྡུད་པ་གསུམ་ཡང་ཁྱོད་ཀྱིས་བཀོད།། དུས་གསུམ་འཁོར་ཡང་ཁྱོད་ཀྱིས
69b3 བཀོད། ། ར་ལྔ་ཡང་ཁྱོད་ལས་བྱུང་།། རྒྱན་གྱི་རྒྱུ་ལྔ་ཁྱོད་ཀྱིས་བཀོད།། རང་བཞི་བཅུ་ཡང་ཁྱོད་ཀྱིས་སྟན།། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས།། མདོ་ལུང་ཀུན་གྱི་ངོ་བོ་ཁྱོད།། བསྟན་པའི་མེ་ལོང་མུན་སེལ་སྒྲོན།། འཁོར
69b4 གྱི་མུན་པ་སེལ་མཛད་པ། ། ཁྱོད་ནི་རྒྱལ་བ་ཀུན་གྱི་མེས།། རང་འབྱུང་ཐབས་མཆོག་ཀུན་གྱི་ཡབ།། འབྱུང་གནས་ཤེས་རབ་ཀུན་གྱི་ཡུམ།། སྤྲོས་པ་མེད་ཅིང་ཞི་བ་མེད།། ངག་ལས་འདས་ཤིང་སྙིང་པོ་མེད།། མཁའ
69b5 ལྟར་དག་ཅིང་སྤྱོད་ཡུལ་འདས། ། ཀུན་གྱིས་རྟོགས་པར་བྱ་བའི་ཡུལ།། སྒོ་ཀང་འདས་པ་ཆོས་ཀྱི་དབྱིངས།། ཐོག་མ་ཐ་མ་དབུས་ལས་འདས།། འཁོར་ལོ་འབྱུང་གནས་སྙིང་པོ་ཅད།། རིན་ཆེན་པད་མིའི་སྙིང་པོ
69b6 ལྟར། ། ཡིད་འཕྲོག་རིམ་པ་མེད་པའི་སྲ།། ཐེག་པའི་སྙིང་པོ་དག་གི་བརྒྱན།། སྐུ་གསུང་ཐུགས་ལ་མཚན་མེད་དོ།། བོདག་གྲི་གཏོགས་དཀའི་དེནི་རྟོགས་པས།། རྒྱལ་བ་ཀུན་གྱི་ཡང་མེས་པོ།། ཀར་བྱེད་རྒྱལ་པོ་ཁྱོད་ལ་འདུད།། ཅེས་བསྟོད
69b7 ཅིང་བསྔགས་སོ། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་སྒྲགས་པ་མཛད་དོ།། ཨེ་མ་ཧོ་སེམས་དཔའ་རྡོ་རྗེའི་སྐུ།། རྒྱལ་བ་ཀུན་གྱིའང་སྐུག་པང་ཐུགས།། གསང་བའི་མཛོད་ལ་མངའ་རྙེས
69b8 ཤིང་། ། སྨྲ་བའི་སེང་གེ་བླ་ན་མེད།། ངས་པའི་གསང་བ་རྟོགས་པའི་ཐུགས།། གསང་བ་རྒྱབ་པོ་བསྒྲོགས་པའི་གསུང་།། ཡོད་ཏད་ལྟན་གྲུབ་རྫོགས་པའི་སྐུ།། ཁྱོད་ནི་རྒྱལ་བའི་སྲས་པོ་སྟེ།། ཀུར་བྱེད་རྒྱལ་པོ་དེ་ཉིད་ལྟར།། རྒྱལ་བ་ཀུན་གྱི།




iiif viewer powered by OpenSeadragon

69a - 70a

Texts on this page

Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po