e-texts navigator
Collection
Volume
Page
Wylie

69a1 བླང་དོར་བྱས་པས་འབྲས་བུ་ཐོབ་པར་འདོད།། ལ་ལ་ཏིང་འཛིན་འཕྲོ་འདྲའི་བརྩོལ་བ་ཡིས།། ཁང་དོར་མེད་པའི་འབྲས་པ་ཐོབ་པར་འདོད།། ལ་ལ་རྒྱུ་འབྲས་ཏིང་འཛིན་བཅོལ་བ་ཡིས།། སྐུ་གསུང་རྡོ་རྗེ་སེམས་ནི
69a2 འབྲས་བུ་ཐོབ། ། ཀྱེ་འདི་དག་བཙལ་ཞིང་བསླབ་པའི་འབྲས་བུ་ཡིས།། ཀུན་བྱེད་ང་ཡི་རང་བཞིན་རྟོགས་མི་འགྱུར།། ཀྱེ་ཀ་བྱང་རྒྱལ་པོར་ཡི་རང་བཞིན་ནི།། ཀུན་ལ་ཁྱབ་ཀྱང་མི་རྟོགས་པ་ཏོག་ཏུ་གསང་།། ང་ཡི་རང་བཞིནས
69a3 མནོང་གསང་བའི་ཕྱིར། ། བརྩོལ་སྒྲུབ་ཅན་གྱི་ཐེག་པས་སྐར་བཏབ་པས།། བསྐལ་པ་བྱེ་བ་ཁྲག་ཁྲིག་ཡང་རངས་སུ།། ངན་འགྲོ་ཐ་མའི་གནས་སུ་དེ་སྦས་ནས།། བདེ་བ་བྲལ་ཞིང་དབང་པོས་ཚང་ཞིང་།། སྙིང་པོའི་དོན་དང་བྲལ
69a4 དེ་བསྐལ་པར་འགྱུར། ། ཀྱང་ནི་སྟེན་པ་ཀུན་བྱེད་བྱང་ཆུབ་སེམས།། ང་ནི་མཐའ་ལྟར་ཡོངས་སུ་ཁྱབ་པའི་ཕྱིར།། ཀུན་དང་འབྲེལ་ཞིང་ཡོངས་ཀྱི་དོན་བྱེད་པས།། བཙལ་ཞིང་སྒྲུབ་པ་ཡོད་པར་ལུང་མི་སྟོན།། ང་ཡི་དོན་འདི་ཁྱོད
69a5 བསྟན་པ་ཡིས། ། བཙལ་ཞིང་སྒྲུབ་ཏུ་མེད་པར་ངེས་པར་རྟོགས།། སེམས་དཔའ་རྡོ་རྗེས་ཇི་ལྟར་རྟོགས་པད།། ང་ཡི་འཁོད་ལ་ཁྱོད་ཀྱིས་ལུང་སྟོན་ཅིག། ཀྱང་ནི་མ་བཙལ་ལྡན་གྱིས་གྲུབ་པའི་ཕྱིར།། ཇི་ལྟར་རྟོགས་པ་ཁྱོད་ལ
69a6 ལུང་སྟོན་པས། ། ཁྱེད་ཀྱིས་ཆོས་ཀན་ལྟར་རྟོགས་པར་འགྱུར།། དེ་ནས་བརྩོལ་སྒྲུབ་མེད་པར་དབུགས་ཕྱིན་པྲ།། ཀུན་བྱེད་རྒྱལ་པོ་ཉིད་དུ་ལུང་སྟར་།། ། དབས་སེམས་དཔའ་རྡོ་རྗེངས་པ་ཡིས། ཨབཅས་སལ་པར་སྦྱངས་པའི
69a7 སྐྱེས་བུ་ལ། ། འབང་བརྩོལ་མེད་པར་ས་ལག་ཞག་པའི་ཕྱིར།། བཙལ་སྐབ་མེད་པར་རྟོགས་པར་ལུང་སྟེན་ཅིག་ཙས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྡན་གྲུབ་བཙལ་དུ་མེད་པར་རྟོགས་པའི་ལེའུ
69a8 སྟེ་དྲུག་ཅུ་བརྒྱད་པའོ། ། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བསྒྲགས་སོ།། ཀྱེ་ཁྱོད་ནི་ཀུན་བྱེད་རྒྱལ་པོ་སྟེ།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། བྱེད་པའི




iiif viewer powered by OpenSeadragon

68b - 69b

Texts on this page

Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po