e-texts navigator
Collection
Volume
Page
Wylie

68b1 པའི་ཁྱད་པར་མ་བཅོས་སོ་སོར་གསལ། ། དེ་ལྟར་གང་གིས་རིག་ཅིང་རྟོགས་པ་ཉིད།། ཀུན་བྱེད་རྒྱལ་པོའི་སྲས་སུ་ལུང་བསྟན་ཏོ།། ང་ཡི་ཡེ་ཤེས་སྐྱེ་མེད་རྟོགས་པ་ཇི་ལྟ་བར།། སེམས་དཔའ་རྡོ་རྗེས་དེ་ལྟར་སྟེཤེས་པར
68b2 གྱིས། ། ཀྱེང་ནི་ཡེ་ཤེས་ཀུན་བྱེད་རྒྱལ་པོས་སྟེ།། མ་རིག་པ་ཡི་ལྟ་བ་སེལ་བར་བྱེད།། སྒྲིབ་པའི་དྲ་བ་མ་ལུས་སྤྱོད་བྱེད་ཅིང་།། ཡེ་ཤེས་སྣང་བ་རྒྱས་པར་མཆོད་པར་བྱེད།། ཀུན་བྱེད་ང་ནི་རང་འབྱུང་ཡེ་ཤེས་ཏེ།། བ་ལས་མ་ཧཱར
68b3 རང་འབྱུང་ཡེ་ཤེས་ཅིག་མེད་པས། ། ཡེ་ཤེས་མ་ལུས་པ་ཡིས་བཀོད་པས་ན།། དདི་ཡེ་ཤེས་རྒྱལ་པོ་ཞེས་སུ་བཤད།། ཉོན་མོངས་ཡེ་ཤེས་བསལ་བར་བྱེད་འདོད་ན།། ཀུན་པ་དང་ཡི་ལུ་ནི་རྟོགས་པར་གྱིས་ཞེས་གསུངས
68b4 བྱང་ཆུབ་ཀྱི་སེམས་ཀུ་དབྱེད་རྒྱལ་པོ་ལས་ཡེ་ཤེས་པསྒྲིབ་པ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་བཅུ་བདུན་པའོ། ། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྡན་གྲུབ་བཙལ་དུ་མེད་པར་རྟོགས་པ་འཇིག་སུངས
68b5 སོ། ། ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། ད་ནི་ལྷན་གྲུབ་བཙལ་དུ་མེད་པ་ཡིན།། ང་ཡི་རང་བཞིན་ཁྱེ་ལ་བསྟན་པར་བྱ།། ཁྱོད་ཤེས་པ་ཡི་དོན་ལ་ལེགས་རྟོགས་ཤིག། ཀྱེ་བ་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། དེ་ལས་བྱུང་པའི
68b6 སྟོན་པ་སྐུ་གསུམ་གྱིས། ། ང་ཡི་རང་བཞིན་ཤིན་ཏུ་རྟོགས་དཀའ་བས།། སོ་སོའི་ཐེབས་ཀྱིས་བཙལ་དུ་ཡོད་པར་བསྟན།། དེ་ཡང་ཇི་ལྟར་ངེས་པར་བསྟན་ཞེ་ན།། ལ་ལ་བདེན་པ་བཞི་ཡི་ལམ་ཞུགས་ནས།། ཉོན་མོངས་ཡེ་ཤེས
68b7 ལེ་ནི་བཙལ་བར་བསྟན། ། ལ་ལ་བརྟེན་འདྲེ་ལ་བཞེན་པ་ཡིས།། ཉོན་མོངས་ཡེ་ཤེས་དགག་བསླབ་རྩོལ་བར་བསྟན།། ལ་ལ་བདེན་པ་གནས་ཀྱིལ་མ་ལ་འཇུག་བྱས་ནས།། སྦྱངས་ཤིང་བརྩོལ་བས་འབྲས་བུ་ཐོབ་པ
68b8 བསྟན། ། ལ་ལ་གཟུང་འཛིན་བྱ་བའི་བརྩོལ་བ་ཡིས།། གྲུབ་པ་ལྷ་གསལ་ཚུལ་དུ་གནས་པར་འདོད།། ལ་ལ་ལས་དང་ཏིང་འཛིན་བརྩོལ་བ་ཡིས།། བླང་དོངར་སྒོ་ནས་འབྲས་བུ་ཐོབ་པར་འདོད།། ལལ་ཏིང་འཛིན་རྣམ་གསུམ་རྩོལ་བ་ཡིས།




iiif viewer powered by OpenSeadragon

68a - 69a

Texts on this page

Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po