e-texts navigator
Collection
Volume
Page
Wylie

67b1 བྱང་ཆུབ་སེམས་སུ་ཀུན་ཅིག་པས། ། བླང་དང་དོར་བ་མེད་པའི་དོན་ཏུ་རྟོགས།། གཙང་དང་མི་གཙང་མེད་པ་ཉིད་དུ་རྟོགས།། སྤྱད་དང་མ་སྤྱད་གཉིས་སུ་མེད་པར་རྟོགས།། མཐའ་དང་དབུས་སུ་འབྱེད་པ་མེད་པར་རྟོགས།། གཞི་རྩ་སྐྱེ
67b2 མཽད་བྱང་ཆུབ་སེམས་སུ་རྟོགས། ། ཀྱེ་ཀུན་བྱེད་རྒལ་པོའི་སྤྱོད་པ་བསྟན་པ་དེ།། གང་ལྟར་སྤྱད་པ་དེ་ལྟར་མ་འགལ་ཏེ།། བྱས་དང་མ་བྱས་གཉིས་ཀ་མེ་མེད་པས།། སེམམས་ཀྱང་ལྟར་ཀླད་པ་སྐྱེ་མེད་དོར།། ཀྱེ་ཀུན་བྱེད་རྒྱལ་པོ་ཡ
67b3 སྤྱད་པ་ལ། ། མའང་ལང་གནས་པས་ཟངས་དང་ཚད་བཟུང་མེད།། གཉིས་སུ་མེད་པས་ཡན་མན་ཕྱོགས་ལས་འདས།། ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤྱོདས།། འདོད་པ་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས།། ཆགས
67b4 སྡང་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། ། རྒྱན་གྱི་རྒྱུ་ལྔ་སེམས་ཀྱི་སྤྱོད་པར་རྟོགས།། ཁམས་ཀསམ་སྲིད་གསུ་པ་སེབས་ཀྱི་སྤྱོད་པར་རྟོགས།། སྐྱེ་མེད་མ་རྟོགས་པ་ཡི་སྤྱོད་པ་ནི།། ཀྱལ་བ་ཀུན་གྱི་མེས་པོ་ངས་མ་བཤད།།
67b5 བྱེད་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ནི།། ཀུར་བྱེད་ང་ཡི་སྤྱོད་པ་འོད་རྟོགས་ལ།། ཟང་དོར་མེད་པར་ཀུན་གྱིས་རྟོགས་པའི་ཕྱིར།། ང་ཡི་འཁོར་གྱི་ནང་དུ་ལུང་སྟོན་ཅིག། ཀུན་སྤྱོ་དང་ཡི་སྤྱོ་མཆོགས་པར།། སྐུ་གསུམ་སྟོན
67b6 པའི་འཁོར་ལ་གང་ཞེན་པས། ། འཇིག་རྟེན་ལོག་པའི་ལྟ་སྤྱོད་ལ་འཚལ་ནས།། བླང་དེར་མེད་པའི་སྤྱོད་པ་རྟོགས་མི་བྱེད།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། འཁོར་གྱི་ནང་དུ་གོད་པའི་དུ་བསྟན་པ།། མ་ཆགས
67b7 བླང་དང་མེད་པར་སྤྱོད་པ་ཡིས། ། ཐམས་ཅད་ཀྱི་མེད་མཉམ་པར་རྟོག་ལུང་བསྟད།། ལས་དཔའ་རྡོ་རྗེས་འཁོར་ལ་ལུང་བསྟན་པས།། འཁོར་ཀྱང་བླང་དོར་མེད་པར་རྟོགས་པར་འགྱུར།། འོད་མྱ་ངན་འདས་པའི་ཆོས
67b8 རྣམས་ན། ། སྐྱེབ་མེད་པ་ནམ་མཁའི་རང་བཞིན་ལྟར།། ད་དཔས་རྟོགས་པ་ཇི་ལྟ་བ.རང་།། ཁྱོད་ཀྱིས་འཁོར་གྱི་ནང་དུ་ལུང་སྟོན་ཅིག། སྔ་པར་ལུ་བསྟན་ཐོས་པ་ལ་རྟེན་ནས།། རྟོགས་པས་ཀུན་བྱེད་ཉིད་ལ་གནས




iiif viewer powered by OpenSeadragon

67a - 68a

Texts on this page

Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po