| | e-texts navigator
|
65b1 ག་གྲངས་དང་བསྐྲང་པའི་རིམ་པ་བསྟན། ། མ་བཅོས་དོན་ལ་གནས་པའི་གང་ཟག་ལ།། མ་སྐར་དང་བཞིན་གནས་པའི་རིམ་པ་བསྟན།། ཀྱེ་ཀུན་བྱེད་རྒྱལ་པོའི་རང་བཞིན་ཀུན་ཁྱབ་པས།། དེ་ལྟར་འཇུག་ཅིང་རྟོགས་པའི་རྣལ
65b2 འབྱོར་ལ། ། མཤེར་རང་བཞིན་གནས་པའི་དོར་རྟོགས་པས།། དབང་ལ་བསྐུར་ཐོབ་མེད་པའི་ལུང་མོ་ནཅི།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། བསྐུར་ཐོབ་མེད་པར་རྟོགས་ནས་ལུང་བསྟན་པས།། སྐེ་པར་ན
65b3 དག་སེམས་ཀྱི་དབང་ཐོབ་ནས། ། རང་བཞིན་བཅུ་ཡི་དབང་ལ་བརྩོལ་མི་འགྱུར།། སྔགས་དང་ཕྱག་རྒྱའི་དབང་ལ་རེ་མི་འཇོག། རྫས་དང་མཚན་མའི་དབང་ལ་སེམས་མི་འཆགས།། དང་རྒྱུད་དག་པས་མཚན་མའི་ལྷ་མ་སྒོ་པ།
65b4 གཟའ་དང་རྒྱ་སྐར་དུས་ཚིགས་རིམ་པ་མེད།། ཀྱེ་སྟོན་པའི་རྒྱལ་པོ་དེ་ཡིས་རྟོགས་པ་ལྟར།། སྐུ་གསུམ་སྟོན་པ་གསུམ་གྱིས། མ་རྟོགས་པས།། རང་བཞིན་བཅུ་ཡི་དོན་ལ་སྒྲིབས་པའི་ཕྱིར།། ཀུན་བ་དང་ཡི་རང་བཞིན་རྟོགས་པ
65b5 མེད། ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་དེས།། འཁོར་གྱི་དང་པོ་སྐུ་གསུམ་སྟོན་པ་ལས།། རང་བཞིན་མ་བཙེས་ཇི་བཞིན་ལུང་ཕོག་པ།། མཚན་མའི་འཇིག་རྟེན་ལྷ་ལ་བརྟེན་མི་འཆའོ།། ཚོགས་ལ་མི་རྟེན་དབང་ལ་རག་མ་ལ
65b6 མེད་རིག་པའི་དབང་ལ་ཀུན་རྫོགས་པས། ། མ་བཙལ་བདེ་བར་བཞག་པས་དོན་ཀུན་རྫོགས།། ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། སྐུ་གསུམ་སྟོན་པ་ང་ཡིས་བཀོད་པ་ཡིན།། དེས་བསྟན་བཅོས་ཀྱང་ང་ཡིས་བཀོད་པ་ཡིན།།
65b7 རང་ཉིད་རང་ལ་དགོད་པ་བྱ་མི་དགེས།། ཀྱེ་དེ་ལྟར་ཀུན་མེད་རང་བཞིན་གང་རྟོགས་པས།། ཐམས་ཅད་ཀུན་ཟད་རང་བཞིན་དེ་རྟོགས་པས།། ཀུན་བྱེད་ད་ཡི་རང་བཞིན་རྟོགས་བགྱིས་ལ།། མཚན་འཛིན་ཞེན་པའི་དབང་ལ།
65b8 མ་རྟེན་ཅིག་ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་འབྱུང་རྟོགས་པའི་དབང་གི་ལེའུ་སྟེ་དྲུག་བཅུ་གསུམ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལམ་ལ་བགྲོད་དུ་མེད་པར
iiif viewer powered by OpenSeadragon
65a - 66a