| | e-texts navigator
|
65a1 ཀྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས།། འགྲོ་དང་འོད་མེད་ཀུན་ཏུ་ཁྱབ་པར་བདལ།། རྟོགས་པས་སྐྱེ་བ་མེད་པའི་དོན་ལ་འཇུག། ཀྱེ་རང་འབྱུང་ཡེ་ཤེས་ལྔའི་དཀྱིལ་འཁོར་ནི།། རྟོགས་དང་མ་རྟོགས་དོད་ལ་རག
65a2 ལས་པས། ། བསྐྱེད་དང་མི་བསྐྱེད་གཉིས་སུ་མཐོང་བ་ཡིན།། དམ་པ་རྟོགས་ན་བསྐྱེད་དང་མི་སྙེད་མེད།། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་།། སྦྲུལ་མ་གནས་དོན་ཉིད་རྟོགས་པར་གྱིས།། གང་གིས་དེ་ལ་རྟོགས་པ་སྐྱེས་མ
65a3 ཐག། ། ཀུན་བྱེད་རྒལ་པོ་དོན་ལ་འབྱོར་བར་འགྱུར།། ཀྱེ་རྒྱལ་བ་མ་ལུས་འདུས་པའི་སྐང་པོ་སྟེ།། རང་བཞིན་ཁྱབ་པར་གནས་པའི་དཀྱིལ་འཁོར་འདི།། མ་སྐྱེས་རང་བཞིན་གནས་པའི་དོན་འདི་ལ།། རྟོགས་པ་བཅི་བདེར་མནོས་ལ་མ
65a4 བརྩོལ་གཅིག། ཀྱེ་རྒྱལ་བ་ཀུན་གྱི་རང་བཞིན་ཀུན་བྱེད་ངས།། དཀྱིལ་འཁོར་བསྐྱེད་དུ་མེད་པར་དོན་རྟོགས་པས།། དེ་ཡི་རང་བཞིན་སྒྲ་ཐོས་མ་ཡིན་པར།། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་གྱིས།། ཀྱེ་ཀུན་བྱེད་རྒྱལ་པོ་ཆགས
65a5 སྡང་རྣམ་པ་ལྔ། ། སྐྱེ་མེད་བྱང་ཆུབ་སེམས་སུ་བསྟན་པ་ལྟར།། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་ནས་ཀྱང་།། དེ་བཞིན་འཁོར་ལ་ཁྱོད་ཀྱིས་ལུང་སྟོན་ཅིག་ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་ལ་རྒྱལ་པོ་ལས
65a6 དཀྱིལ་འཁོར་སྐྱེད་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་བཅུ་གཉིས་པའོ། ། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དབང་ལ་སྐུར་དུ་མེད་པར་རྟོགས་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ངེས་རྟོགས་ཤིག།
65a7 ད་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། དབང་ལ་སྐུར་ཐབས་ཡོད་པར་ལུང་པོག་པ།། མཚན་མོའི་རྟོག་པའི་ལམ་ལ་ཞེན་ཆགས་པས།། ང་ཡི་རང་བཞིན་མི་མཐོང་བསྐལ་པར་འགྱུར།། ཀྱེང་ནི
65a8 སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། ། ང་ཡི་རང་བཞིན་ཀུན་བྱེད་ཁྱབ་རྟོགས་པས།། ང་ལ་གཉིས་པའི་དོན་ནི་མེད་པའི་ཕྱིར།། བསྐུར་དང་མི་སྐུར་དོན་དང་བྲལ་བར་རྟོགས།། གང་ཟག་མཚན་མ་གྲངས་ལ་དགའ་བ་ལ།། དབང
iiif viewer powered by OpenSeadragon
64b - 65b