e-texts navigator
Collection
Volume
Page
Wylie

64b1 པོའི་ཕྲེན་ལས་འདི་རྟོག། ཤིག། ཀྱི་སྟོང་པའི་རྒྱལ་པོ་ཀན་བྱེ་ང་ཡིས་ནི།། བྱས་པ་ཐམས་ཅད་མཚན་མའི་ལམ་དུ་བསྟན།། བྱ་བྲལ་ཕྲིན་ལས་དེས་དོན་འདི་རྟོགས་པས་འགྲོ་བ་ཀུན་བྱེད་རྒྱལ་པོ་ཉིད་པ་གྱུར།། སྙིང་པོ་བྱ་བྲལ
64b2 གསུམ་པ་ནོར་བས། ། བྱ་བ་རྩོལ་འདས་པའི་དོན་ལ་རྟོགས་པ་ནི།། དུས་གསུང་རྒྱལ་བའི་དགོངས་པ་གཅིག་པའི་ཕྱིར།། མ་ནོར་ལམ་ལ་རྟོགས་པ་ཉིད་མཆོག་ཡིན་ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས།
64b3 སྒོ་གསུང་བྱ་བ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་བཅུ་གཅིག་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དཀྱིལ་འཁོར་སྐད་དུ་མེད་པ་རྟོགས་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་དོན་འདིང་རྟོགས་ཤིག
64b4 ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། ། མཚན་མ་གྲངས་ལ་དགའ་བའི་གདུལ་བྱ་ལ།། ཚོགས་དང་དཀྱིལ་འཁོར་བསྐྱེད་དུ་ཡོད་པར་བསྟན།། གང་ཞག་སྐུ་གསུཔ་ལ་མལ་རྟེན་བྱས་ནས།། མཚན་པ་གྲངས་ཀྱི་སྒོ་ནས་རྟོག་བྱེད་པ།
64b5 ལ་པ་བྱེ་བ་བརྒྱ་ཟག་ཡན་རིངས་སུ།། དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་པོ་རྟོགས།། ཀྱེ་དེབས་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།། ཚོགས་དང་དཀྱིལ་འཁོར་དརང་བཞིན་ལྷར་རྫོགས་པས།། མ་བྱས་རང་བཞིན་གྲུབ
64b6 པའི་ཆོས་ཉིད་ལ། ། བསྙེད་རིང་བསག་ཏུ་མེད་པའི་དོན་རྟོགས་ན།། ཀྱེ་ཀུན་བྱེད་ང་ཡི་དཀྱིལ་འབོར་བསྟན་པ་ནི།། ངང་ལས་བྱུང་བའི་དཀྱིལ་འཁོར་རྫོགས་པའི་ལུང་།། མ་ལུས་སྙིང་པོར་རྫོགས་པས་མེད་འབྲི་མེད།། མ་སྙེད་དུས
64b7 གཅིག་རྫོགས་པ་དཀྱིལ་འཁོར་རྟོགས། ། ཀྱེ་དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ།། འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན།། དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ།། དཀྱིལ་འཁོར་མ་ལུས་འདི་ལ་འདས་པར་རྟོགས།། ཀྱེ་ཀུ།
64b8 བྱེད་རྒྱལ་པོ་ང་ཡིདཿལ་བོ་དི། ས་ལུས་སྙིང་པོར་རྫོགས་པའི་དཀྱིལ་འཁོར་ཏེ།། གང་གིས་དེ་དག་རྫོགས་པར་གང་རྟོགས་པ།། དཀྱིལ་འཁོར་སྐྱེད་པ་མེད་པའི་དོན་ལ་མཁས།། ཀྱེ་སྟོན་པའི་སྟོར་པ་ཀུན་བྱེད་རྒྱལ་པོ་ངས།།




iiif viewer powered by OpenSeadragon

64a - 65a

Texts on this page

Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po