e-texts navigator
Collection
Volume
Page
Wylie

64a1 27། ། པའི་སྟོན་པ་ཀུན་བདེ་རྒྱལ་པོ་ངའི།། རང་བཞིན་ལས་བྱུང་སྟོན་པ་སྐུ་གསུམ་གྱིས།། སོ་སོ་ཇི་ལྟར་འདུལ་བའི་སྐུར་བྱུང་ནས།། ཕྲིན་ལས་བཙལ་བས་དོན་དང་ཕྲད་པར་རྟོགས།། ལུས་ཀྱི་ལས་སུ་ཕྱག་བརྒྱ་བཙལ
64a2 པར་རྟོགས། ། དགགས་སྔགས་དང་བཟླས་པ་བྱེད་པར་རྟོགས།། སེམས་ཀྱི་བློ་འདི་ཏིད་འཛིན་བསྒོམ་པར་རྟོགས།། སྒོ་གསུམ་ཡལ་བར་གནས་པས་གྲུར་མི་རྟོགས།། ཀྱེ་སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་ནི།། བཙལ་བར་བྱ་མེད་ཕྲིན་ཝ
64a3 ལུང་བསྟན་པས། ། དོན་དང་མི་འགལ་བསམ་པ་མཐར་ཕྱུང་བས།། ཕྲིན་ལས་བཙལ་དུ་མེད་པར་ཁྱོད་ཀྱིས་རྟོགས།། ཀྱེ་སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་ནི།། བར་གདོན་ལྷུན་གྱིས་གྲུབ་པས་བྱ་མེད་རྟོགས།། གཞན་དོན་དབྱིངས་སུ་གཅིག།
64a4 པས་བཙལ་མར་རྟོགས།། དེ་ལྟར་ཁྱོད་ཀྱིས་ངེས་པར་རྟོགས་པར་གྱིས།། ཀྱེ་ཀུན་བྱེད་བྱང་ཆུབ་སེམས་སུ་ཀུན་བྱས་པས།། བྱང་ཆུབ་སེམས་ལ་བྱ་མི་དགྲོ་བར་རྟོགས།། མ་བྱས་བྱ་བྲལ་སྙིང་པོ་བྱང་ཆུབ་ལ།། བྱ་དང་མི་བྱེ་བ་སྙད་གར
64a5 གིས་པར་གས། ། ཀྱེ་ཀུན་བྱེང་རྒྱལ་པོ་ང་ཡི་ཕྲིན་ལས་ནི།། ལུས་ཀྱི་ལས་སུ་ཕྱག་བརྒྱ་བཅར་མེད་རྟོགས།། ངག་གིས་བཟླས་བརྗོད་བྱར་མེད་སྙིང་པོར་རྟོགས།། སེམས་ཀྱིས་བྲོ་འདྲ་སྒོམ་དང་བྲལ་བར་རྟོགས།། འདས་དང་མ་བྱོནཔ།
64a6 ལྟར་བཞུགས་པ་ཡང་།། ཕྲིན་ལས་བྱ་མེད་རྟོགས་ནས་མངོན་སངས་རྒྱས།། དུས་གསུམ་རྒྱལ་བ་རྟོགས་ལ་རག་ལས་པས།། སེམས་དཔའ་རྡོ་རྗེ་ཐོས་ནས་རྟོགས་པར་གྱིས།། ཀྱང་ལས་བྱུང་བའི་སྟོན་པ་ས་གསུམ་གྱིས།། ནི་རྒྱས
64a7 རབང་དང་དྲག་པོའི་ལུང་བསྟན་པ། ། ནམ་ཏོག་མཚན་མ་གྲངས་ལ་དགའ་བལ།། འདུལ་བའི་རྟོག་པ་གྲངས་སུ་བསྟན་པ་ཡིན།། ཀྱེ་དཔྱིར་ཀུན་བྱེད་དང་ཁྲི་ལུང་བསྟན་པ།། ཟོས་པའི་དོན་ལམ་ནོར་རྟག་པར་བྱོས།། བྱ་བཅོལ་ཀུན་དང་བྲལ
64a8 བའི་ཕྲིན་ལས་ཀྱིས། ། མ་བྱས་དོན་ཀུན་རྫོགས་པས་རྟོགས་པ་འཆར།། ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་རྟོགས།། སྙིང་པོ་བྱ་བརྩོལ་མེད་པའི་དོན་རྟོགས་པས།། བྱ་དང་མི་བྱ་མེད་པར་དོན་རྫོགས་པས།། ཀུན་བྱེད་རྒྱལ།




iiif viewer powered by OpenSeadragon

63b - 64b

Texts on this page

Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po