e-texts navigator
Collection
Volume
Page
Wylie

63a1 དེ་ལྟར་ངེས་པའི་ལུང་འདིམ་བསྟན་ན།། དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ།། ཀུན་བྱད་རྒྱལ་པོ་ང་ཡི་གདུང་ཆར་ནས།། ཀུན་ཀྱང་འཁོར་བའི་ལམ་ལ་བཞོལ་བར་འགྱུར།། ཀྱེ་དེ་བྱར་སེམས་དཔའ
63a2 ཁྱོད་ཀྱིས་ཀྱང་། ། ལྷ་དང་མི་ལྷ་ཡུལ་ལས་འདས་པ་ལ།། གང་བལྟས་དོན་ལནམ་རྟོག་པ་ཆེད་པའི་ཕྱིར།། ཆུ་འབྲས་ཅན་གྱི་ལྟ་བ་ཁྱོད་པ་རྟོགས།། ཤིན་ཏུན་ལ་འབྱོར་མི་གནས་ཐོབ་པ་ལ།། བལྟས་གང་བཏགས
63a3 པས་མཐོང་བའི་དོན་འགག་པས། ། མ་བཅོས་སྙིང་པོ་ཀུན་བྱེད་རང་བཞིན་ལ།། བལྟས་པས་མཐོང་བ་མེད་པའི་དོན་དུ་རྟོགས།། ཀེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་དེ་ན།། ཆོས་རྣམས་ཀུན་གྱི་ལྟ་བའིམེ་ལོང་སྟེ།
63a4 གསལ་ལ་རང་བཞིན་མེད་པར་ཀུན་འཆར་པས།། མ་ལྟས་རང་བཞིན་གསལ་བར་ལུང་བསྟན་ཏོ།། མ་སྐྱེས་དེ་བཞིན་ཉིད་ཀྱི་ཡུལ་ཉིད་ལ།། ལྟ་བའི་ཡུལ་མེད་མཐོང་བ་ཆེན་པོར་རྟོགས་ཤེས་གསུངས་སོ།། བྱང
63a5 ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐྱེ་བ་མེད་པའི་ལེའུ་སྟེང་དགུ་པའོ། ། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དམ་ཚིག་བསུང་དུ་མེད་པར་རྟོགས་པ་འདི་གསུངས་སོ།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད
63a6 རྒྱལ་པོ་ཡི། ། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། དབང་པོའི་ཁྱད་པར་རིམ་པར་ལུང་བསྟན་པ།། ཀུན་བྱེད་བསྲུང་དུ་ཡོད་པའི་དོན་དུ་རྟོགས།། ལ་ལས་སྔོབ་དང་འདུལ་ཁྲིམས་དག་པར་རྟོགས།། ལ་ལས་ས
63a7 འཛིན་སྡོམ་པ་དག་པར་རྟོགས། ། ལ་ལས་གྲངས་དང་རྩ་བ་ཡན་ལག་རྟོགས།། ཇི་ལྟར་བཏགས་ཀྱང་རྟོག་པར་ལུང་མ་བསྟན།། ཀུན་བྱེད་རྒྱལ་པོའི་དམཆོག་འདི།། བསྲུང་དང་མ་བསྲུང་ཕྱོགས་རིས་མེང་བསྟན།།
63a8 གིས་བསྲུང་དང་མ་བསུང་མེད་རྟོགས་པ།། ཀུན་བྱེད་ང་ཡི་དམ་ཚིག་རྟོགས་པ་ཡིན།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོར།། རྩ་བ་བྱང་ཆུབ་སེམས་སུ་ཀུན་ཅག་པས།། ཀུན་ཀྱང་སྙིང་པོ་འདམ་ཚིག་ཡིན་པས་ན།། བསྲུང




iiif viewer powered by OpenSeadragon

62b - 63b

Texts on this page

Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po