| | e-texts navigator
|
62b1 མསྣ་ས་དབྱིངས་ས་རྟགས་བསྟན། ། ཀུ་ཀྱང་སྒྱུ་མ་དུ་དབྱངས་ས་རྟགས་པར་འགྱུར།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱང་རྒྱལ་པོ་ལས་རྟོགས་པ་གླེང་བཞའ་ལ་སྣང་བརྒྱང་བའོ།། ཞེས་བྱུང
62b2 ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ས་ལྟ་བ་སྐོམ་དུ་མེད་པ་རྟོགས་པ་འདི་གསུངས་སོ། ། ཀྱེ་སེམས་དཔའ་རྡོ་རྗེ་ལགས་པར་བརྟགས་ཤིག། ཆོས་རྣམས་ཀུན་གྱི་རྩ་བ་ཀུན་བྱེད་ལ།། ལྷ་དང་བལྟ་བར་བྱ་བ་ཡོད་མ་ཡིན།། གང
62b3 ལཾ་གང་ལྟར་སྙིང་པོ་གང་རྟོགས་པ། ། ན་བྱེད་ང་ཡིང་ང་བཞིན་རྟོགས་པ་ཡི།། ཀྱེ་རྗེ་ཡང་སྣད་པའི་ཆོས་རྣམས་མ་ལུས་ཀུན།། ཀུན་བྱེད་སྒྲིབ་མེད་པ་ཀུན་གནས་པར།། སུ་ཞིག་སྣང་པོའི་ངན་ལ་རྟོགས་འདོད་པས།
62b4 ཀུན་བྱེ་དང་ཡི་རང་བཞིན་རྟོགས་པར་གྱིས།། ཀྱེ་ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར།། སོ་སོར་བསྟན་པའི་ལུང་དང་ཡིད་འཐད་ཅིང་།། སྐུ་གསུམ་སྟོན་པའི་དོན་ལ་གང་འཇུག་པ།། ཀུན་བྱང་ང་ཡི་དོན་དང་ཤིན་དུ་འགལ།
62b5 སྟོན་པ་ཀུན་བྱེ་དང་ཉིད་མ་རྟོགས་པར།། ལྟ་བའི་རང་བཞིན་ཀུན་མཁྱེན་ཀྱེ་མེད་འདི།། འདས་དངང་ལྟར་མ་འདས་སངས་རྒྱས་ཀྱིས།། མ་རྟོགས་མི་རྟོགས་རྟོགས་པར་ལུང་མི་སྟོན།། ཁ་སྐྱེས་སྐྱེ་བ་མེད་པའི་སངས་རྒྱས་ཀྱང་།།
62b6 ཀུན་བྱེད་པ་ཡི་ལུང་དང་བྲང་ན་ནི།། དེས་ཀྱང་ལྟ་བ་སྐྱེ་མད་རབ་ཏུ་རྟོགས།། སངས་རྒྱས་ཀུན་གྱི་ངོ་བོར་བྱིན་གྱིས་རླབས།། ཀེ་ཀར་བྱེད་རྒྱལ་པོ་སྟོན་པའི་ལུང་མེད་ན།། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་དང་།
62b7 མ་སྐྱེས་ལམ་ལ་ལྟ་བའི་རྣལ་འབྱོར་དང་།། ལ་དགུ་ལུང་དགུ་རྒལ་ཡང་ས་བཅུ་ཡས།། རང་རང་དངོས་པོའི་དོན་ལ་རྟོགས་སྤྱོད་པས།། བསྐུས་སྙིང་པའི་དོན་ལ་སྒྲིབ་པའི་ཕྱིར།། རྒྱ་འབྲས་བྲལ་བའི་བྱང་ཆུབ་སྙིང་པ་ལ
62b8 ཀུན་གྱི་ལྟ་བའི་དོན་འདི་རྟོགས་པ་མེད། ། སྐྱེད་པས་སྟོན་པ་ཀུན་བྱེད་ང་ཡིས་ཀྱང་།། འཁོར་གྱི་དང་པོ་སེམས་དཔའ་རྡོ་རྗེ་ལ།། སྐུ་གསུམ་སྟོན་པ་གསུམ་གྱིས་བཤད་པའི་ལུང་།། དེ་ལ་མ་གནས་ཤིག་པརང་ལུང་སྟོན།།
iiif viewer powered by OpenSeadragon
62a - 63a