e-texts navigator
Collection
Volume
Page
Wylie

61b1 པོ་ལས་ནི། ། གཞང་ཡིན་སྐ་བར་མ་བྱེད་མི།། སྤགས་པ་བསྟན་པའི་ནང་ནས་ནི།། རྒྱ་དང་འབྲས་བྲན་མ་གཉིས་ལས།། རྡུལ་བསྒྲུབས་ནས་འབྲས་ཟ་དང་གྱུ་ས།། སེམས
61b2 སངས་རྒྱས་འབྲས་བུར་བཀབ། ། འདི་ནང་ཡི་བསྟན་པ་མིན།། ཀུན་བྱེད་ང་ཡི་རང་བཞིན་ནི།། རྒྱུ་དང་འབྲས་བུ་གཉིས་ལས་འདས།། སེམས་ཅན་སངས་རྒྱས་གཉིས་མེད་པས།། སངས་རྒྱས་སེམས་ཀྱིས་སྒྲུབ་པ་བྱེད།། ཀུན
61b3 བྱེད་རྒྱལ་པོ་ང་ཉིད་ནི། ། སེམས་ཉིད་རང་འབྱུང་ཡེ་ཤེས་སོ་ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེ་རྒྱལ་པོའི་མདོ་ལས་བསྟན་ལ་བཏང་བའི་ལེའུ་རྩེ་ལྔ་བཅུ་རྩ་བདུན་པའོ།། །། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ
61b4 པོ་རྫོགས་སྷོ། ། རྒྱ་གར་གྱི་མཁན་པོ་ཤྲཱི་ས་ཧ་པྲ་ཐཱ་དང་།། བོད་ཀྱི་ལོ་ཙཱམ་པ་གོང་བེ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རང་འབྱུང་ཡེ་ཤེས་སྐྱེ་བ་མེད་པར།
61b5 རྟགས་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་ཞུས་སོ།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།། ལེགས་པར་གསུང་བའི་མདོ་དག་མཐའ་ཕྱིན་ནས། སྟོན་པ་གསུམ
61b6 བོ་ཉིད་ཀྱི་ཇི་ལར་རྟོགས། ། བསྟན་པ་གསུམ་པོ་ཉིད་ཀྱིས་ཇིས་རྟོགས།། འཁོར་གནས་དུས་ཀྱི་རང་བཞིན་ཇི་ལྟར་རྟོགས།། ཉིད་ཀྱིས་ཇི་ལྟར་རྟོགས་པའི་དགེངས་པའི་དོན།། བདག་ཅག་རྣམས་ལ་ལེགས་པར་བསྟན་དུ
61b7 གསོལ་ཞེས་བྱས་སོ། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུ་ནས་བླ་ཀྱིལ་འདི་གགྲངས་སོ།། སེམས་དཔའ་ང་རྗེད་ན་འདི་ལགས་པར་ཉོན།། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡེ།
61b8 ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། སོས་འཕྲུལ་མངས་པ།། བདེད་དགོནས་དཔལ་དག་དང་།། བསྟན་པ་བསྲུད་པ་ས་ས་གནས་པར་རྟོགས།། ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ




iiif viewer powered by OpenSeadragon

61a - 62a

Texts on this page

Q451 - chos thams cad rdzogs pa chen po byang chub kyi sems kun byed rgyal po
Q451a - chos thams cad rdzogs pa chen po byang chub kyi sems kun byed rgyal po