e-texts navigator
Collection
Volume
Page
Wylie

276a1 ཀྱང་། གྲོང་ཡུལ་ལམ་གནས་གཅིག་ལས་མེད།། དེ་བཞིན་བས་པ་དྲིས་མི་ཁྱབ་པའི།། རྣམ་གྲངས་ཆོས་སྒོ་ཇི་སྙེད་ཀྱང་།། བཀྲེས་པས་དྲང་བའི་ཚིག་ཡན་ཏེ།། བསམ་པའི་ཡུལ་ནི་གཅིག་པའོ།། དོན་རྣམས
276a2 གཅིག་ཏུ་བསྡུས་པ་ཡི། ། བསླབ་པར་བྱ་བ་དམ་པ་སྟེ།། ངེས་པར་གཅིག་ལས་མེད་པའི་ཕྱིར།། ཀུན་འདུས་དམ་པར་བསླབ་པར་ཅེས།། དམ་པའི་ངས་ཀུན་ཞེས་ན།། དེ་ཡི་ཡེ་ཤེས་མཐའ་ཡས་ཏེ།། རྣམ་པ་ཐམས
276a3 ཅད་མཁྱེན་ཉིད་པས། མདོདོན་གཅིག་ཏུ་བསྡུས་པར་གསུངས།། གྲོགས་པོ་དག་དེ་དག་ནིད་བཞིན་གཤེགས་པ་ཐམས་ཅད་དགོངས་པ་དེ་ཁོ་ན་ཅིང་གཅིག་འདུས་པར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས
276a4 བཤད་པ་སྟེ། ཐམས་ཅད་ཀྱིས་མེད་དེ་ཁོ་ན་ཉིདི་དུ་འདུས་པར་ཤེས་པར་བྱའོ།། དེ་སྐད་ཅེས་སྨྲས་པས། དམན་པ་དམ་པ་རྣམས་གཅིག་ཏུ་ངེས་པ་དམ་པར་རྙེད་པར་གྱུར་ཏོ།། དེ་ནང་གསང་བ་པའི་བདག་པོ་ཉིད་ལ་དམན་པ་དམ་པ
276a5 རྣམས་ཡིད་རངས་ཏེ། མངོན་པར་བསྟོད་པ། ཨེ་མཚོམས་ཆེན་གསང་བའི་བདག། རྩལ་ཆེན་སྨྲབ་སེང་གེའི་སྒྲ།། དེ་བཞིན་གཤེགས་པ་ཀུན་གྱིས་ཐུགས།། སངས་རྒྱས་ཀུན་སྔོ་པེ་ནས་བྱུང་།། ཁྱོད་ནི་སངས་ཟས་ཅན་གྱི་མས
276a6 ཆེས་མཆོག་རྗེ་བཙུན་དམ་པའི་སྐུ། བདེ་གཤེགས་ཀུན་གྱི་བཤེས་གཉེན་མཆོག། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། ཀུན་གྱི་འབྲང་གནས་མེ་ལོང་གསལ།། ཕྱོགས་ཀུན་གས་ལ་འབྲེལ་ངེས་པའི་ས་།། ཐག་ཆེན་རང
276a7 གྲ་ངོ་མཚར་ཆེ། ། གསང་ཆེན་བྱང་ཚུལ་ངོ་མཚར་རེ།། ཨ་ཧེ་ཞེས་ངེས་པར་དམ་པར་མངོན་པར་བསྟོད། དེ་ནས་ཅང་མི་དམིགས་པར་གྱུར་ཏེ། གང་དུ་ངེས་པར་བགྲོས་པའི་གསང་བ་དམ་པ་དག་ལྷ་དང་འི་དེ་གརྟེན་དུ
276a8 ལ། དེ་ཡོངས་སུ་གྲགས་པར་གྱུར་ཏོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ལེའུ་ཞེས་བྱ་སྟེ་བདུན་བཅཝ་ལྔ་པའོ།། ཐེག་པ་ཆེན་པོ་ངེས་པར་འབྱུང་བའི




iiif viewer powered by OpenSeadragon

275b - 276b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo