| | e-texts navigator
|
274a1 ཞེསང་ཤིད། ། ཨེ་འབམ་རྒྱལ་བདག་ཉིད་ཆེ།། བདེ་ཆེན་རང་བཞི་རྗེས་ཆགས་པ།། གང་དུ་མ་འགྱུར་གཞན་ཕྲག་དོག་ཅེས་བླང་དོར་མེད་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། ཀུན་གྱི་རང་བཞིན་གཅིག་ཤེས
274a2 པས། དེ་ཉིད་དབང་དུ་ཐམས་ཅད་འདུས།། ཀུན་ལ་དབང་སྒྱུར་ཐོས་པས་ན།། ཡེ་དབང་ཆེན་པོ་རྫོགས་པའོ་ཞེས་དབང་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། ཐམས་ཅད་ཀུན་འདུས་རིག་པའི་མོདོ། ཀྲ་ལ་ཁྱབ་གནས་བཏག
274a3 དཀ་པ། ། ཟབ་མོ་སངས་རྒྱ་སྟོང་རུ་ན།། རྡོ་རྗེ་ཀུན་བཀོད་རྡལ་འབྱོར་ལུང་།། ཤེས་བཀའ་དམ་པར་སྔགས་སོ།། ལ་ལ་ནི་འདི་སྐད་དུ། ང་ཉིད་དེར་ན་ཀུན་ཅིག་པས།། བདག་རང་གཞན་དུ་སྣང་བ་མེད།། སྟོང་ཞིད་རྣམ
274a4 ནམ་མཁའ་ལ། ། སེར་དེ་བྱ་བ་རྡུལ་ཡང་མེད།། ཅེས་བདུད་རྩི་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། བྱང་ཆུབ་སྙིང་པོ་དང་བ་ལ།། རྣམ་རྟོག་རྡུལ་གྱིས་ག་ལ་འགྲོ། དེ་ཉིད་ཆེན་པོར་འུབ་ཆུད་པས།། ཅེས་ཀྱང
274a5 མི་སྐྱེད་ཉམ་མིང་ཤེས་དེ་དོགས་མེད་པར་བསྔགས་སོ། ། ལ་ལ་ནི་འདི་སྐད་དུ། རྣམ་རྟོག་མཚན་མའི་ངོ་བོ་འདས།། སེང་གེའི་ལོག་པ་རང་ཞིག་ལྟར།། སྟོང་ཉིད་རང་ཉིད་མ་ཞིག་ན།། གཞན་གྱིས་འཇིག་པར་ག་ལ་འགྱུར་ཞེས་རང
274a6 བཞིན་དམ་པར་བསྔགས་སོ། ། ལ་ལ་ནི་འདི་སྐད་དུ། བདེ་ཆེན་རྣམ་དག་རྟོག་བྱེད་པས།། ལེགས་ཉེས་གཉི་ག་རྣམ་པར་རྟོག། བདེ་ཆེན་ངེས་པའི་རང་ཞུགས་ན།། གང་འདིར་རྣམ་པར་རྟོག་པ་མེད་ཅེས་ཡོངས་སུ་རྟོག་པ
274a7 ལས་འདས་པར་བསྔགས་སོ། ། ལ་ལ་ནི་འདི་སྐད་དུ།། དེ་ཉིད་ཕྱིད་ཙམ་ལོག་པར།། བགྲང་བ་མ་རྟོག་མ་གནས་པར།། ལེ་ལོ་གཡེང་བའི་དགྲ་བསྲུང་སྟེ།། དེ་བཞིན་དེ་ལས་འདའ་མི་བཞེས་དམ་ཚིག་དམ་པར
274a8 བསྔགས་སོ། ། ལ་ལ་ནི་འདི་སྐད་དུ། དཔག་ཏུ་མེད་པའི་འཇིག་རྟེག་དུ།། སྒྲོན་མ་བསམ་གྱིས་མི་ཁྱབ་པས།། ཇི་སྙེད་པ་ཡི་ཆོས་བསྟན་པ།། མཐའ་ཡས་དོན་ནི་གཅིག་ཏུ་འདུས་ཞེས་པར་བསྔགས་སོ།། ལ་ལན་འདི་སྐད་དུ།
iiif viewer powered by OpenSeadragon
273b - 274b