| | e-texts navigator
|
273b1 སྟོང་ཉིད་ཅིག་ཅར་རིག་པ་ཡིས།། དེ་བཞིན་ཉིད་དུ་རྣམ་པར་གྲོལ་ཞེས་གསང་བ་དམ་པར་སྔགས་སོ།། ལ་ལ་ནི་འདི་སྐད་དུ། ཇི་གང་བས་མ་གྱིས་མི་ཁྱབ་པའི། ཆོས་ཀུན་སྟོང་པར་རིག་དེས་ན།། སངས་རྒྱས་ཀུན་དང་མཉམ་སྦྱོར་བས།
273b2 རྣལ་འབྱོར་ཆེན་པོའི་བསམ་གཏན་ཡིན་ཞེས་རྣལ་འབྱོར་དམ་པར་གདམས་སོ།། ལ་ལ་ནི་འདི་སྐད་དུ། འཁོར་བ་ཇི་སྲིད་ཡོད་པར་དུ། བསྟན་པའི་སྙིང་པོ་ཉི་མ་ཤར།། རང་བཞིན་ཆོས་ཉིད་འཁོར་ལོ་འདི།། མི་ནུབ་རྒྱུ་མིང་ད་པར་བསྐོར།
273b3 ཞེས་གསང་བ་དམ་པའི་ཐེག་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ།། མི་འགྱུར་མི་འཇིག་རྡོ་རྗེ་དོན།། སྣ་ཚོགས་ཀུན་འབྱུང་རིན་པོ་ཆེ།། མཆགས་རྣམ་དག་པད་མོ་ཉིད།། ཐམས་ཅད་ལྷུན་གྲུབ་མཛད་པ་ཆེ།། མ་ནོར་མ་བཅོས་དེ་བཞིན་ཉིད
273b4 ཅེས་ཡང་ངེས་པ་དམ་པར་བསྟན་ཏོ། ། ལ་ལ་ནི་འདི་སྐད་དུ། སྟོང་ཉིད་གཟུགས་མེད་ཆོས་ཀྱི་སྐུ།། སྨོན་མེད་ཡིད་ལས་འདས་པའི་གསུང་།། མཚན་མེད་རྟོག་ལས་འདས་པའི་ཐུགས།། རྟོག་མེད་རེ་སྐོང་ཡོན་ཏན་མཛོད།། ཐབས་ཀྱི
273b5 གར་ཐབས་ཕྲིན་ལས་མཛད་ཅེས་ཚེ་འཕྲུལ་སྣ་ཚོགས་འབྱུང་བར་བསྔགས་སོ། ། ལ་ལ་ནི་འདི་ག་དང་། མི་རྟོག་ཆོས་ཀྱི་མེ་ལོང་གསལ།། གཉིས་སུ་མེད་པས་ཐམས་ཅད་མཉམ།། སྣ་ཚོགས་མཚན་ཉིད་མ་འདྲེས་མཁྱེན།། ནན་ཏན
273b6 ཆེན་པོ་ཁྱབ་གྲུབ་མཛད། ། ཡེ་ཉིད་ཀུན་གྱི་རང་བཞིན་མཁྱེན་ཞེས་ཡེ་ཤེས་རྒྱུན་དུ་འཆང་བར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། སྣང་སྟོང་གོ་ཁྱེད་ཀུན་ཁྱབ་མཁའ།། ཐེག་དབྱིངས་པ་ནི་ཀུན་གནསས།། ཞག་ནས་རྣམ་དག་ཏུ
273b7 ཆེན་པོ། ། ལྷག་མཐོང་ཡེ་ཤེས་འད་འབར་མེ།། ཤེས་བྱ་ཐོགས་མེད་འཐོར་བའི་དྲུང་ཞེས་ཐམས་ཅད་འབྱུང་བར་བསྔགས་སོ།། ལ་ལ་ནི་འདི་སྐང་དུ། མ་འདྲེས་ཡོངས་རྫོགས་གསཔ་སྟོང་གཟུགས།། བྱ་བ་གསལ་རང་བཞིན
273b8 འགྲོ་བའི་སྒྲ། དད་པས་སིམི་བྱེད་ཆོས་ཀྱི་དྲི།། དོན་བཅུ་ཉམས་སུ་མྱོང་བའི་རོ།། བདེ་མཚེ་གདོན་ལ་རེག་པ་ཉིད་ཅེས་ཡོན་ཏན་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། ཅི་ཡང་མི་སེམས་གཏི་མུག་ལ།། དངོས་པོ་ཀུན་གོས
iiif viewer powered by OpenSeadragon
273a - 274a