e-texts navigator
Collection
Volume
Page
Wylie

272b1 གཉིས་ཁོ་ན། ། ངག་དང་མངག་གཉིས་སུ་སྣང་ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། དེ་ཉིད་སྨྲས་བརྗོད་མེད་པ་ལས།། དེ་མཚོན་ཕྱིར་ན་ཐ་དད་བརྗོད།། གང་བརྗོད་པ་ཉིད་དེ་བཞིན་ཉིད།། དེ་ཉིད་སྤྲོས
272b2 མེད་རྡོ་རྗེ་དོར་ཞེས་གསང་བ་དམ་པར་བསྔགས་སོ། ། ལ་ལ་ནི་འདི་སྐད་དུ། ང་ཉིད་ཅིར་ཡང་མི་སྣང་ན།། གློ་བུར་ནམ་རྟོག་ཐ་དད་པའི།། རྣམ་རྟོག་དེ་ཉིད་སྣང་བར་ཟད།། སྣང་བ་ཉིད་ན་སྣང་བ་མེད་ཅེས་གསང་བ་དམ་པར
272b3 བསྔགས་སོ། ། ལ་ལ་ནི་འདི་སྐད་དུ། ཇི་བཞིན་པ་ཡི་དེ་ཁོ་ན།། སངས་རྒྱས་ཀྱིས་ཀྱང་བྱར་མེད་ན།། གང་གིས་བཅོས་ཏེ་སུ་ཡིས་བྱས།། བྱས་པ་པོ་ཞིག་གལ་ཡོད་ཅེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐ
272b4 དུ། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནི།། དེ་བཞིན་དེ་ཉིད་ཡིན་པས་ན།། དེ་ཁྱབ་གང་གི་ཆོས་རྣམས་ཀུན།། རང་བཞིན་དག་པར་བསྒྲིབས་པ་མེད་ཅེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ།། དེ་ཉིད་མཚན་ཉིད་མེད་།
272b5 མངན་ཉིད་སྣ་ཚོགས་པར་སྣང་བས།། ཀུན་འབྱུང་དབྱིངས་ཀྱི་རང་བཞིན་པས།། མངལ་ཟད་མི་ཤེས་པར་མཛོད་ཅེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། སྣ་ཚོགས་ཐེག་པའི་རྟབ་དང་།། སྡོམ་པ
272b6 སྲུང་བའི་བྱ་བ་ཀུན། ། སྤྱད་པར་བྱ་བ་མ་ཡིན་ཡང་།། ཀུན་ཀྱང་མ་འདིས་ཡོངས་སུ་རྫོགས་ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། དེ་ལ་ཕྱོགས་དང་དུས་མེད་པར།། གང་གིས་ཕྱོགས་དང་དུས
272b7 བརྟགས་པལ། དེའི་རོལ་རྣམ་པར་སྣང་།། སངས་རྒྱས་ཀྱིས་ནི་དེ་མི་མཁྱེན་ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། བསམ་གྱིས་མི་ཁྱབ་ཀུན་ཤེས་ནས། བསམ་དུ་མེད་པར་དེ་བཞག་ན།།
272b8 དཔག་ཏུ་མེད་པའི་ཡོན་ཏན་བྱུག། མ་ཀྱིས་པད་མཁྱེན་པ་ཡིན་ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འད་ས་དུ། བསམ་གྱིས་མི་ཁྱབ་མི་ཤེས་པར།། བསམ་མེད་དང་དུ་གང་འཇོག་པ།། བྱིས་པ་དོནི་བླུད་པ་སྟེ།




iiif viewer powered by OpenSeadragon

272a - 273a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo