| | e-texts navigator
|
269b1 ནན་ཡང་བཅོམ་ལྡན་འད་མཛག་པའི་དྲན་ངོ་བོ་ཉིད་དག་པས་འདི་ག་ད་དུ། དེ་བཞིན་ཉིད་དུ་དོན་བས་ན་དུ།། དེ་བཞིན་ཉིད་དུ་ཀུན་གཅག་པས།། གང་གིས་གང་ལ་གང་ཞིག་བསྟན།། ཉིད་ལ་ཉིད་གླེང་ཁོ་ནར་ཟད་ཅེས
269b2 གསུངས་སོ། ། གཞན་ཡང་བཅོམ་ལྡན་འདས་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་ཀྱི་དབྱིངས་ཉི་གསུམ་དུས་བཞིར་མི་རིགས་ཏེ།། ཡེ་ཤེས་རིག་པའི་ཁྱད་པར་ལས།། སྐད་ཅིག་བསྐལ་པ་དེ་སྐད་ཅིག་ཅེས
269b3 གསུངས་སོ། ། གཞན་ཡང་བཅོམ་ལྡན་འདས་སྙིང་རྗེའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། འཁོར་བ་མྱ་ངན་འདས་རྟག་པ།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ།། ཡེ་ནས་མྱ་ངན་འདས་པས་ན།། རང་བཞིན་ལྷུན་གུས་ཚོགས་གཉིས་རྫོགས་ཞེས
269b4 གསུངས་སོ། ། ཡང་བཅོམ་ལྡན་འདས་པ་ཉིད་དག་པས་འདི་སྐད་དུ། ཆོས་སོ་ཅོག་གི་རང་བཞིན་ནོ།། མ་སྐྱེས་པ་ལས་ཐམས་ཅད་སྐྱེ།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། རིགས་མཆོག་དོ་སྐྱེ་གནས་དང་རང་གསུངས་སོ།། ཡང་བཅོམ
269b5 ལྡན་འདས་ཡོངས་སུ་དགོངས་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་དུ་ཀུན་རིཀ་ན།། དེས་ཁྱབ་པར་གནས་སངས་རྒྱས་ཞིང་།། ཡོན་ཏན་རིན་ཆེན་སྨིན་བཀོད་པ།། དགོད་པར་བྱ་བ་ཅི་ཡང་མེད་ཅེས་གསུས་སོ།། ཡང
269b6 བཅོམ་ལྡན་འདས་གསེར་གྱི་འོད་ཟེར་ངོ་བོ་ཉིད་དག་པས་འདི་སྐད་དུ། དཔག་ཏུ་མེད་པའི་རྒྱལ་བ་རྣམས།། ཇི་བཞིན་དེ་བཞིན་ཉིད་ལ་བཞུགས།། དེ་བཞིན་ཉིད་དང་ཐམས་ཅད་ཀྱང་།། གཉིས་མེད་དེ་བཞིན་དེ་ཉིད་དོ་ཞེས་གསུངས་སོ། ཡང
269b7 བཅོམ་ལྡན་འདས་འོད་ཀྱི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས།། སོ་སོང་སྣང་བ་མ་ཡིན་ཏེ།། ཇི་བཞིན་དེ་བཞིན་ཉིད་ངེས་ན།། དེ་ལ་འཁོར་བའི་རང་བཞིན་མེད་ཅེས་གསུངས་སོ།། ཡང་བཅོམ་ལྡན
269b8 འདས་ཞི་བའི་དབང་པོ་ངོ་བོ་ཉིད་དག་པས་འདི་བཞིན་དུ། དེ་བཞིན་ཉིད་ཀྱི་དེ་ཉིད་ནི།། དཔགཙང་གཞལ་བར་མཐའ་ཡས་པས།། དཔག་མེད་རྒྱལ་པོའི་ཕོ་གྲང་ཡིན།། དེ་ནས་ཀུན་བཀོད་དེར་གཅིག་ནས་ཞེས་གསུངས་སོ།།
iiif viewer powered by OpenSeadragon
269a - 270a