| | e-texts navigator
|
268b1 དེ་བཞིན་ཉིད་ལས་བྱུང་། ། ཆོས་ཉིད་རྡོ་རྗེ་དམ་ཚིག་ནི།། གྲུབ་ན་འཇིག་པའི་དུས་མེད་དོ།། གྲོགས་པོ་དག་བཅོམ་ལྡན་འདས་རྣམ་པར་དག་པའི་ངོ་བོ་ཉིད་ལས་དེ་སྐད་ཅེས་གསུངས་སོ།། གྲོགས་པོ་དག་ཡང་འདི་ལྟ་སྟེ།། རྒྱལ
268b2 བ་ཀུན་གྱིས་ཐུགས་དམ་ནི། ། ཐམས་ཅད་དཔ་པ་དེ་ཉིད་ལས།། མི་གཞན་གཞན་མེད་ཡོད་པ་ཡིན།། དེ་ལས་གང་ཡང་འདའ་མི་འགྱུར།། བཅོམ་ལྡན་འདས་རྫོགས་ལོངས་སྤྱོད་པ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས
268b3 སོ། ། ཡང་གྲོགས་པོ་དག་འདི་ལྟ་སྟེ།། དམ་པ་རྣམས་ཀྱིས་གསུངས་པའི་ཚིག། རྡོ་རྗེ་གོཆ་དམ་བཅས་པ།། ཤིན་ཏུ་དམ་པའི་ཐ་ཚིག་འདི།། གལ་ཏེ་འདས་ན་ཚིག་པར་འགྱུར།། བཅོམ་ལྡན་འདས་གསང་བའི་སྐུ་རོ
268b4 ཉིད་དག་པས་དེ་སྐད་ཅེས་གསུངས་སོ། ། ཡང་གྲོགས་པོ་དག་འདི་ལྟ་སྟེ།། རྒྱལ་བ་རྣམས་ཀྱི་དམ་པ་འདི།། གསུངས་པས་དམ་ཚིག་མཐའ་ཡས་ཀུན།། ཐམས་ཅད་ཐམས་ཅད་བསྲུངས་པ་སྟེ།། བསྲུང་བ་འདི་ནི་རྙེད་པར
268b5 དཀའོ། ། བཅོམ་ལྡན་འདས་རྒྱུན་གྱི་འབྱུང་བ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ།། ཀྱེ་གྲོགས་པོ་དག་འདི་ལྟ་སྟེ།། ཞེ་སྡང་ངོ་བོ་ཐ་དད་པ།། བྱང་ཆུབ་སེམས་སུ་མཉམ་པས་ན།། དེ་བཞིན་ཉིད་ལས་གཞན་པ
268b6 ཡི། ། མ་སྤངས་མ་དག་རྡོ་རྗེ་དམ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ།། གྲོགས་པོ་དག་འདི་ལྟ་སྟེ།། འདོད་དང་ཆགས་པའི་ཡུལ་ཉིད་ནི།། རང་བཞིན་གང་ཡིད་དེ་བཞིན་ཉིད།།
268b7 ཀྱང་མེང་ཚར་རྣམ་པར་ང།། སྣོད་ལ་མརྒྱགས་རྔ་རྗེ་དམ།། བཅོམ་ལྡན་འདས་འོད་མཐ་མས་དབ་ཅད་དག་པས་དས་ཅེས་གསུངསས།། ཡང་དི་མྦྷསྟེ།། ཐམས་ཅད་དེ་བཞིན་དེང་བླངས་པས།། ད
268b8 པར་བྱེ་བྲག་དབྱེར་མེད་པའི། ། རྡོ་རྗེ་ན་མ་མཁའ་འོད་གསལ་བས།། རྨོངས་པའི་མུན་རྡེག་རྣམ་དག་གསལ།། བཅོམ་ལྡན་འདས་སྣང་མཛད་ངོ་བོ་ཉིད་དག་པས་འདི་སྐད་ཅེས་གསུངས་སོ།། ཡང་འདི་ལྟ་སྟེ།། རྣམ་དག
iiif viewer powered by OpenSeadragon
268a - 269a