e-texts navigator
Collection
Volume
Page
Wylie

268a1 སྣང་གསེར་དུ་གྱུར་པ་ན། ། འགྱུར་རྩི་མན་ངག་མེད་པའི་མིས།། དགའ་བའི་ལས་ཆེན་སྣ་ཚོགས་པ།། སྡུག་བསྔལ་སྨད་ཀྱང་མི་འགྲུབ་སྟེ།། སུ་ཞིག་མན་ངག་ལྡན་པའི་མིས།། ཚེགས་མེད་ཀྱི་འདིའི་ཚུལ་གྱིས་ན།། བསྒྱུར།
268a2 བས་སྤར་སྡང་གསེར་འགྱུར་ལྟར།། རྣལ་འབྱོར་ཆེན་པོ་དོན་འགྲུབ་པ།། དེ་ཉིད་བློ་གྲོས་ཐབས་དག་དང་།། གང་དང་མ་ལྡན་པ་དག་གིས།། དཀའ་བསྤྱད་ཀྱང་འགྲུབ་མིན་ཏེ།། སེམས་ཀྱི་གསང་འདི་སུས་མཐོང་བ།། བློ་ཟོས་ཐབས
268a3 དང་ལྡན་པ་སྟེ། ། འདོད་པའི་དོན་མཆོག་གང་ཡིན་པ།། དེ་དག་ཚོགས་མེད་ཀྱི་འདས་འགྲུབ།། དོན་རྣམས་གྲུབ་པར་གང་བྱེད་པ།། བློ་གྲོས་ཐབས་ཀྱིས་གྲུབ་པའི་ཕྱིར།། དོན་ནམས་འགྲུབ་པར་འགྱུར་བ་ཡི།། བསླབ་པ་འདི་དག
268a4 བདག་ཅེས། ། གྲོགས་པོ་དག་དེ་དག་ནི་ཚིགས་ཆུང་ལ་དོན་ཆེན་པ་ཉིད་དུ་ཞེས་བྱའོ།། དེ་སྐད་ཅེས་སྨྲས་པས། དམན་པ་དམ་པ་རྣམས་བློ་དང་ལྡན་ཐོས་ཀྱིས་ཆོད་དེ་ཐབས་ཀྱིས་ཟིན་པར་གྱུར་ཏོ།། སངས་རྒྱས་ཀུན་གྱི་དགོངས
268a5 པ་འདུས་པའི་མདོ་ཆེན་པོ་ལས་དོན་ངེས་པར་བསྒྲུབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་ཅུ་བཞི་པའོ། ། །། དེ་ནས་ཡང་གསང་བའི་བདག་པོ་དེས། ལང་ཀའི་བདག་པོ་ལ་སྩོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས
268a6 ལ་ཤིན་དུ་རྔོ་མ་བརྗིད་ཚུལ་དུ་བོས་ཏེ་སྨྲས་པ། ཀྱེ་གྲོགས་པོ་དག་མདོ་གཅིག་ཏུ་བསྡུས་པ་ནི་གང་ཞེ་ན། འདི་ལྟ་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ངོ
268a7 བོ་ཉིད་དག་པར་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་པར་འདས་ནས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་གཅིག་ཏུ་འདུས་པར་བཤད་པ། ཆོས་ཉིད་རྣམ་པར་དག་པས་ན།། ཆོས་ཀུན་རང་བཞིན་རྣམ་པར
268a8 དག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཐུགས་དམ་དབྱིག་མཆོག་རབ་ཉིད་དོ།། ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་ལས་དེ་སྐད་ཅེས་འབྱུང་བའོ།། དེ་ལྟར་ན་ཡང་འདི་ལྟ་སྟེ།། མི་ཕྱེད། རྡོ་རྗེ་དམ་ཚིག་ནི།། རྡོ་རྗེ




iiif viewer powered by OpenSeadragon

267b - 268b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo