| | e-texts navigator
|
267a1 བཞིན་ཏེ་ཇི་ལྟར་བརྟགས་པ་ད་ལྟར་སྣང་། ། དེ་མ་ཐག་པར་མ་གྱུར་ཀྱང་།། དེ་ཉིད་གང་བརྟགས་དེ་ལྟར་སྣང་།། གདོས་གསས་ཡུལ་ན་མི་སྣང་ཡང་།། ཡིད་གརྣམས་མངོན་ཤེས་ཀུན་མཁྱེན་སྣང་།། གང་བརྟགས་དེ
267a2 ལྟར་ངེས་ལྟས་ནས། ། མངོན་སུམ་གསལ་པོར་རེད་པར་འགྱུར།། ཡོད་མེད་ལེགས་ཉེས་རང་བཞིན་རྣམས།། ཆུ་ཁམས་རྟས་པ་ལྟ་བུར་ཟད།། ཐམས་ཅད་འདི་ཡི་བྱེད་པར་འགྱུར།། དེས་ན་ཏིང་འཛིན་སེམས་ཉིད་གཙོ།
267a3 དཔེར་ན་རྒྱ་མཚོ་ནོར་ལེན་མི།། སྦྲུལ་དང་དཱ་ཀིན་སྦྱང་མ་ལས།། སོགས་པ་གདུག་པའི་སྡུག་བསྔལ་ཀུ་ཀ། དགའ་བས་ཉམས་སུ་བླངས་པས་འགྲུབ།། དེ་བཞིན་རྣལ་འབྱོར་རྣལ་ཚོལ་བ།། རྣམ་རྟོག་བྱེང་རྨུགས་འཕར་གཡེང
267a4 དགྲ། ། གཞོམ་པར་དཀའ་བའི་ལས་འདི་དག། འམས་སུ་བ་སྟན་བདེ་ཐོ་བ་རྙེད།། འདི་ནི་ཏིང་འཛིན་དག་པ་ཡི།། ཉམས་སུ་བང་བའི་བསླབ་པ་སྟེ།། སེམས་ཉིད་གོམས་པར་བྱ་བ་ལས།། འདྲིས་པར་བྱེད་པ་རབ་ཏུ་གཅེས།།
267a5 གྲོགས་པ་དག་དེ་དག་ནི་ཉམས་རྙེད་པ་ཉིད་དུ་ཤེས་པར། ད་སྐད་ཅེས་སྨྲས་པས། དམན་པ་དག་པ་རྣམས་གང་གི་དགོངས་པ་དམ་པའི་ཉམ་དྲོད་རྙེད་པར་འགྱུར་རོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མ
267a6 ཆེན་པོ་ལས་རྣ་ལང་པོར་དབང་བསྐུར་གྱི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གསུམ་པའོ། ། ། དེ་ནས་ཡང་གསང་བ་པའི་བདག་པོ་དེས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་པར
267a7 འདི་ལ་ཚོགས་རུང་བར་བྱ་པ་གང་ཞེ་ན། འདི་ལྟ་སྟེ།། ཅི་ལ་ཡང་བ་བ་མེད་པ་ཉིད་དོ།། གང་ལ་བྱ་བ་མེད་པ་དེ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན།། འདི་ལྟ་སྟེ། སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད།། གང་།
267a8 འང་གནོད་པ་དེམ་ནུས།། དེ་བཞིན་ཉིད་ཀྱིས་ཟིན་པ་ཡི།། དུག་གསུམ་དུག་ལྔས་གནོད་མི་འགྱུར།། དེ་བཞིན་ཉིད་ཀྱིས་མ་ཟིན་ན།། ལམ་གྱི་ཕྱོགས་རྣམས་ཀུན་སྤྱད་ཀྱང་།། བདེ་འགྲོམས་དུ་ངེས་འབྱུང་གི། གོ་འཕར
iiif viewer powered by OpenSeadragon
266b - 267b