e-texts navigator
Collection
Volume
Page
Wylie

262b1 དཔན་པ་དམ་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་གང་ཉམ་རྙེད་པར་བྱ་བ་ནི་འདི་ལྟ་སྟེ། དགོངས་པ་དམ་པ་ཀུན་འདུས་ལ།། འཇུག་པའི་གཙོར་ན་བསམ་གཏན་།། འཁོར་པས་དབང་ལྟར་ཇི་བཞིན་དུ།། ཆོས་ཀུན་དབང་སྒྱུར་བས་པ
262b2 གཏན་ཡིན། ། རྣལ་འབྱོར་བསམ་གཏན་ཆེན་པོ་འིང།། ངག་དང་མུན་པའི་གསེར་འགྱུར་ཡིན།། ཐམས་ཅད་དབང་སྐར་བསམ་གཏན་ཡིན།། དེས་ན་དམ་པའི་བསམ་གཏད་བྱ།། གལ་ཏེ་བས་པ་གཏན་འདི་མེད་ན།། རྒྱམཚོ་འཇིངས
262b3 པ་པོ་ལྟར། ། དཔག་ཏུ་མེད་པའི་སྒོ་གཅད་ཀྱང་།། དོན་མེད་སྙིང་པོ་སྐམས་པ་ཡིན།། རྣལ་འབྱོར་ཆེན་པོའི་བསམ་གཏན་ནོ།། ཇི་བཞིན་པ་ཡི་དེ་ཉིད་ལ།། མ་བཅོས་པ་ཡི་བློ་བཞག་སྟེ།། མ་ཡེངས་སྐྱེ་འགག་མེད་པའོ།། རྣལ་འབྱོར་དམ་པ
262b4 ཇེ་བཞིན་པ། ། སེམས་ཀྱི་ཆོས་ཉིད་དེ་ཉིད་དོ།། དེ་བཞིན་ཉིད་ཅེས་མི་དམིགས་པ།། རྩ་བའི་ཀུན་ཤེས་ཀུན་གཞི་ཉིད།། ཅི་ཕྱིངས་བྱས་མ་བཅོས་པ།། རང་བྱུང་དེ་བཞིན་ཉིད་ཅེས་བཤད།། ཐམས་ཅད་འནང་སྣང་བ་ནི།། འཇུག་པའི
262b5 རྣམ་ཤེས་ཡུད་ཙམ་ཉིད། ། ཅི་ཕྱིར་ཀུན་ཏྲ་སྣང་འཇུག་པས།། ཕྱི་ནང་ཀུན་དུ་སྣང་བར་བཤད།། རྒྱུ་ཡེ་རྣམ་པར་བཀོད་པ་ནི།། འཇུག་པའི་རྣལ་ཤེས་སློ་བ་ཉིད།། ཐམས་ཅད་གང་གི་ཐུར་བཀོད་པས།། ཐམས་ཅད་འབྲང་བའི་ཧཱ་ཞེས
262b6 བཤད། ། གང་གི་དགོངས་པ་དམ་པ་ནི།། སྟོང་པ་མ་ཡིན་ཐེར་ཟུག་མེད།། དབུ་མར་མི་དམིགས་ཀུན་རིག་གསལ།། ཡོད་མིན་མེད་མིན་ལས་ཀྱང་འདས།། གང་འདིར་ཚོར་འགྲོ་མ་རབ་སེ་དང་།། གང་འགོག་བྱིས་པའི་སྤྱོད་ཡུལ་དང་།། འདི
262b7 གང་ཉམས་པའི་ལོག་སྲེག་ཅན། ། ཡལ་བ་པལ་བ་དམིགས་པ་གཅིག། གང་འདིར་ལྟ་བས་མདངས་པ་དག། བདག་ལ་རྟེན་ནས་མཐའ་སྒྲུབ་སྟེ།། མེད་མོས་དེས་འགྲོ་མེད་སྙམ་ནས།། དེ་མ་ཟག་དུ་ངན་འགྲོར་ཀྲ།། མོས་པ་ཆུང་ངུ
262b8 ཐམས་ཅད་ནི། ། གང་ལ་བདག་མེད་རྟེན་བཞིན་མཐོང་།། གང་བཀག་རྟོག་ཡོད་དཔྱོད་མེད་པ།། བསམ་གཏན་དང་པོ་ཁོ་ནའོ།། ཀུན་སྟོང་ཕྲ་བའི་སྟོང་པ་ལས།། གནས་རྟོག་མེད་ལ་དཔྱོད་པ་གཉིས།། སྟོང་པ་ཉིད་ལ་དེས་བཞག་སྟེ།




iiif viewer powered by OpenSeadragon

262a - 263a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo